མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2013-06-05 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཉུང་དུ་གཏོང་བའི་བྱ་ཐབས་དོན་འཁྱོལ་བྱེད་པ་དང་བོད་ལྗོངས་ཀྱི་ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་ཁོངས་སུ་བསྡུ་བའི་ཚོད་ལྟའི་ལས་ཀ་ཡག་པོ་སྒྲུབས་ནས། རིམ་བཞིན་དངོས་ཟོག་དང་ངལ་ནུས་ལ་ཁག་སོ་སོར་རིན་འཕར་དཔྱ་ཁྲལ་དང་ལས་གཉེར་དཔྱ་ཁྲལ་བསྡུ་བ་ལས་ཐོན་པའི་དཔྱ་ཁྲལ་བསྐྱར་བསྡུའི་གནད་དོན་མི་ཐོན་པ་བྱེད་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས་ད་ལོའི་སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་དང་དུས་གཅིག་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཁག་ཅིག་གི་ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་ནང་བཅུག་ཏེ་བསྡུ་བའི་ཚོད་ལྟའི་ལས་ཀ་སྤེལ་རྒྱུ་རེད།

ཚོད་ལྟའི་ཁྱབ་ཁོངས་ཁག་གཉིས་ལ་དབྱེ་ཡོད་པ་སྟེ། གཅིག་ནི་སྐམ་ཐོག་གི་སྐྱེལ་འདྲེན་ཞབས་ཞུ་དང་ཆུ་ཐོག་གི་སྐྱེལ་འདྲེན་ཞབས་ཞུ། མཁའ་ཐོག་གི་སྐྱེལ་འདྲེན་ཞབས་ཞུ། སྦུག་ལམ་གྱི་སྐྱེལ་འདྲེན་ཞབས་ཞུ་བཅས་ཚུད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཡིན། གཞན་དེ་ནི་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་ཞབས་ཞུ། ཆ་འཕྲིན་ལག་རྩལ་ཞབས་ཞུ། རིག་གནས་གསར་གཏོད་ཞབས་ཞུ། ཟོག་རྒྱུན་རམ་འདེགས་ཞབས་ཞུ། གཟུགས་ལྡན་ཉེར་སྤྱོད་ནོར་རྫས་བོགས་གཏོང་ཞབས་ཞུ། དབྱེ་གསལ་ར་སྤྲོད་བློ་འདྲི་ཞབས་ཞུ། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཞབས་ཞུ་བཅས་ཚུད་པའི་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་རེད།

ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྡུ་བའི་ཚོད་ལྟའི་ལས་དོན་སྤེལ་རྗེས་ཁྲལ་འཇལ་ཚད་ཀྱི་འགྱུར་བ་ནི་གཟུགས་ལྡན་གྱི་ཉེར་སྤྱོད་ནོར་རྫས་བོགས་གཏོང་ཞབས་ཞུའི་དཔྱ་ཁྲལ་འཇལ་ཚད17%ཡིན་པ་དང༌། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཞབས་ཞུའི་དཔྱ་ཁྲལ་འཇལ་ཚད11%ཡིན་པ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་དཔྱ་ཁྲལ་འཇལ་ཚད6%ཡིན་པ། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གཏན་འཁེལ་བྱས་པའི་ཁྲལ་འཇལ་ཞབས་ཞུའི་དཔྱ་ཁྲལ་འཇལ་ཚད་ཀླད་སྐོར་ཡིན་པ། རིན་འཕར་དཔྱ་ཁྲལ་གྱི་ཁྲལ་འཇལ་ཚད3%བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག