མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོའི་གློག་མེད་པའི་ས་ཆར་ཉི་གློག་སྒྲིག་ཆས་རྩ་བའི་ཆ་ནས་སྒྲིག་སྦྱོར་བྱས་ཟིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-04 09:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོའི་གློག་མེད་པའི་ས་ཆའི་གྲོང་ཚོ་ཀུན་ཁྱབ་ཀྱི་གསེར་གྱི་ཉི་མའི་དཔེ་སྟོན་ལས་གཞི་སྤྱིར་ན་འཛུགས་སྐྲུན་ཟིན་པ་དང་། སྤྱི་ཟླ5པའི་ཟླ་སྟོད་དུ་ཞིང་འབྲོག་དུད་ཚང་ལ་ཉི་གློག་སྒྲིག་ཆས60043སྒྲིག་སྦྱོར་ཟིན་པ་དེས་ཉི་གློག་སྒྲིག་ཆས་བེད་སྤྱོད་མ་ལག་གི་སྤྱིའི་དམིགས་ཚད90%ཟིན་གྱི་ཡོད་པས། གློག་མེད་པའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་བོད་དུ་གྲོང་ཚོ་ཀུན་ཁྱབ་ལས་གཞིའི་གསེར་གྱི་ཉི་མའི་དཔེ་སྟོན་ལས་གཞི་དེར་རྒྱལ་ཁབ་ཀྱི་མཆོག་མཆན་ཐོབ་སྟེ་ལག་བསྟར་བྱས་པ་དང་། ནོར་སྲིད་པུའུ་ནས་གསེར་གྱི་ཉི་མའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར11བཏང་ནས་ཉི་ནུས་གློག་ཁང53བཙུགས་པ་དང་གློག་གཏོང་ཚད་ཝ་སྟོང་ཚན450ཟིན་གྱི་ཡོད་པ་དང་། གློག་གཏོང་ཚད་ཝ270ཟིན་པའི་མ་ལག་ཁྲི་ཚོ15.3སྤྲད་པའི་ནང་ཉི་གློག་སྒྲིག་ཆས་མ་ལག་གིས་ཆབ་མདོ་ས་ཁུལ་གྱི་གློག་གཏོང་སྒྲིག་ཆས་ཀྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག