མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱིས་གཉིས་ལྡན་དུད་སྦྲེལ་གྱི་ཞབས་ཞུ་དོ་དམ་ལས་དོན་ཕན་འབྲས་ལྡན་པའི་ངང་སྤེལ་བཞིན་ཡོད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-04 09:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་གཉིས་ལྡན་དུད་སྦྲེལ་གྱི་ཞབས་ཞུ་དོ་དམ་ལས་དོན་སྤེལ་སྟངས་གསར་གཏོད་དང་མཉམ་འགོག་མཉམ་བཅོས། ཐུན་མོང་ཐོག་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་ཀར་སྐུལ་སྤེལ་བཏང་བས། ཤང་གྲོང་རྡལ་ཕྱོགས་བསྡུས་གཞུང་ལས་ཁང་དང་མངགས་གཏོང་ཁང་གི་ལྟེ་བ་བྱེད་པ་དང་། ཁྲོམ་གཞུང་དང་སྡེ་ཁུལ་ཉེན་རྟོག་དང་བདེ་སྲུང་མི་སྣས་རྐང་འཛིན་བྱེད་པ། གྲོང་ཚོ་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་མཉམ་སྲུང་དུད་དཔོན་གྱིས་རྨང་གཞི་བྱེད་པ་བཅས་བྱས་ཏེ། གནས་ཚུལ་མཐའ་གཅིག་ཏུ་ཐག་གཅོད་བྱེད་པ་དང་སྡེ་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གོང་ཞུ་མཐའ་གཅིག་ཏུ་བྱེད་པའི་སྤྱི་ཚོགས་ཞབས་ཞུ་དོ་དམ་མ་ལག་རིམ་བཞིན་ཆགས་ཡོད་པ་དང་། ལས་དོན་ཁག་ཏན་ཏིག་དང་ཕན་འབྲས་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ལས་ཀའི་ཁྲོད་གྲོང་ཚོ་དང་སྡེ་ཁུལ་ཏང་ཀྲི་པུའུ་ཁག་གིས་གྲོང་ཚོ་དང་སྡེ་ཁུལ་གྱི་ཐེམ་གྲངས་དང་ཏང་ཡོན་གྱི་མི་གྲངས། ཏང་ཡོན་མང་ཚོགས་ཁྱབ་ཚུལ་སོགས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་། བལྟོས་བཅད་ཀྱིས་ཐག་ཉེ་བ་དང་འབྲེལ་བ་བྱེད་བདེ་བའི་ཁྱིམ་ཚང་མཉམ་སྲུང་སྡེ་ཚན་དུ་དབྱེ་བ་རེད། སྤྱི་ཟླ4པའི་ཚེས25 ཉིན་བར་ས་ཁུལ་དེ་ཡོངས་ཀྱིས་མཉམ་སྲུང་སྡེ་ཚན་དབྱེ་བ་དང་མཉམ་སྲུང་དུད་དཔོན་འོས་འདེམས་ཀྱི་ལས་དོན་ཕྱོགས་ཡོངས་ནས་མཇུག་སྒྲིལ་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་ཚང་མས་དེའི་ནང་ཞུགས་པའི་དམིགས་ཚད་སྒྲུབ་ཡོད་པ་རེད།

སྤྱི་ཟླ4པའི་ཚེས30ཉིན་བར་གཞིས་རྩེ་ས་ཁུལ་གྱིས་ཆ་འཕྲིན་ཐོ་འགོད་དང་གློག་ཀླད་ནང་འཇུག་པའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། གྲངས་གཞིའི་བང་མཛོད་བཙུགས་ནས་མཉམ་འགོག་མཉམ་བཅོས་དང་། ཐུན་མོང་ཐོག་བདེ་འཇགས་འགན་སྲུང་བྱེད་པའི་ལས་དོན་དེ་ཆ་འཕྲིན་ཅན་དང་ཚན་རིག་ཅན་གྱི་དོ་དམ་དུ་འགྱུར་ཡོད་པ་རེད། རགས་རྩིས་རྒྱབ་པར་གཞིགས་ན། ས་ཁུལ་དེ་ཡོངས་ཀྱིས་གནད་དོན1222ཐག་གཅོད་བྱས་པ་དང་། རྐང་འཛིན་མི་ཐེངས3606ལ་སྦྱོང་བརྡར་སྤྲད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་ཚོ260ཙམ་བཏང་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག