མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཡུལ་སྐོར་དུས་ཚིགས་བཟང་བོ་བསུ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-04 09:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱིས་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་ནས། ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་སྐོར་དུས་ཚིགས་བཟང་ཤོས་བསུ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཅུས་དེས་མངོན་ཞིབ་དང་ལྐོག་ཞིབ། ཟུར་བཤེར། རྒྱུན་གཏན་ཞིབ་བཤེར། མཉམ་འབྲེལ་ཁྲིམས་འཛིན། ཆེད་དོན་ཞིབ་བཤེར་བཅས་ཟུང་འབྲེལ་བྱེད་པའི་ཐོག་ནས། ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་དང་དྲང་བཞག་གི་ལས་གཉེར། ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་ཐད་གནས་པའི་གནད་དོན་མངོན་གསལ་དོད་པོར་བཅོས་སྒྲིག་བྱས་པ་མ་ཟད། འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ་གཙོ་གནད་ཐོག ཡུལ་སྐོར་གསོལ་མགྲོན་ཁང་དང་མཛེས་ལྗོངས་ཁུལ་སོགས་མི་ཚོགས་བསྡུས་ཆེའི་ཁུལ་གྱི་ས་ཆའི་བདེ་འཇགས་དང་སྤྱི་པའི་བདེ་འཇགས། མེ་ཟོན་སྒྲིག་ཆས་སོགས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུ་དང་། བདེ་འཇགས་ཐད་ཀྱི་རྐྱེན་ངན་ཐོན་ཉེན་ཡོད་སར་བཅོས་སྒྲིག་བྱས་ནས་ཡུལ་སྐོར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞིང་། རིན་གོང་བཅག་སྟེ་འགྲན་རྩོད་བྱེད་པ་དང་སྣེ་ལེན་ཁང་དང་རླངས་འཁོར། ཡུལ་སྐོར་སྣེ་ཤན། ཚོང་ཁང་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་བརྡེག་ནན་པོ་གཏོང་རྒྱུ་དང་ཆབས་ཅིག ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་བཟོ་བའི་ལས་དོན་ཆེད་ལས་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱབ་ཐོག ཡུལ་སྐོར་སྣེ་ལེན་ཁང་གི་ཁྲོམ་རའི་དོ་དམ་བྱ་ཐབས་ཐད་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྣེ་ལེན་ཁང་གི་ལས་དོན་སྤེལ་ཕྱོགས་ཁག་ཚད་ལྡན་བཟོ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག