མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དང་སི་ཁྲོན་དུ་བྱིས་པ་དང་འབྲེལ་བའི་སྤྱི་ཕན་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:28

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ཉེར་ཡོད་པའི་མཚམས་སུ། ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་རྒྱལ་ཡོངས་ཀྱི་བྱིས་པའི་ཟློས་གར་ཁང23དང་མཉམ་འབྲེལ་ཐོག  བྱིས་པར་སེམས་ཁུར་བྱས་ཏེ་ཀྲུང་གོའི་ཕུགས་བསམ་མཉམ་དུ་གཏོད་ཅེས་པའི་སྤྱི་ཕན་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་སྤེལ་ཏེ། ལོ་ཆུང་བྱིས་པ་ཚོར་ཏང་དང་སྲིད་གཞུང་དང་། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་སྨོན་འདུན་སྐྱེལ་ཡོད་པ་རེད། སྤྱི་ཟླ5པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་ཕྱེད་ཀའི་ཐོག  རྣ་བར་འཇམ་ཞིང་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ། རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་ཕུལ་བྱུང་སོར་འཇོག་ཟློས་གར་ལེ་ཚན་ནང་། བོད་ལྗོངས་སུ་འཁྲབ་སྟོན་བྱས་པའི་ཟློས་གར་ཉག་གཅིག་སྟེ། གཅེས་པའི་ནོར་བུ་ཞེས་པ་དེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་བཞི་པའི་ལུས་རྩལ་ཐང་ཆེན་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སྒྱུ་རྩལ་ཁྲུའི་འགན་འཁུར་བ་ལྷག་པས་ངོ་སྤྲོད་གནང་བར། ཅི་ནན་བྱིས་པའི་སྒྱུ་རྩལ་ཁང་གིས་བོད་ལྗོངས་སུ་བསྐྱོད་པའི་བྱེད་སྒོ་དེ་ཁྱོན་ཐེངས་བདུན་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་ལྷ་སར་ཐེངས་ལྔ་དང་། ལྷོ་ཁ་ས་ཁུལ་དུ་ཐེངས་གཉིས་སྤེལ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

    སྤྱི་ཟླ6པའི་ཚེས1ཉིན་གྱི་སྔ་དྲོར། ཁྲེན་དུ་གྲོང་ཁྱེར་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྒྱུ་རྩལ་ཞིབ་འཇུག་གླིང་གི་བྱིས་པའི་སྒྱུ་རྩལ་ཟློས་གར་ཚོགས་པས། ཁྲེན་དུ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་དེ། ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་སྒྲིག་བཟོ་བྱས་པའི་བྱིས་པའི་རིག་ནུས་ཟློས་གར། ཇི་ཕུ་ཆུང་ཆུང་། འགྱུར་འགྱུར་འགྱུར། ཞེས་པའི་ཆེད་དོན་སྤྱི་ཕན་ལེ་ཚན་འཁྲབ་སྟོན་བྱས་ཡོད་པ་རེད། ཕན་བདེ་ཁང་གི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་ཡིན་པའི་བྱིས་པ100ལྷག་གིས་འཁྲབ་སྟོན་ལ་གཟིགས་པ་དང་། དེའི་ནང་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་དྭ་ཕྲུག30ལྷག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག