མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་དེང་རབས་ཀྲུང་གོའི་ཡིག་རིས་རིག་གཞུང་གདན་ཞུའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་གཉེར་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-03 10:20

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས1ཉིན་གྱི་སྔ་དྲོ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རིག་རྩལ་སྤེལ་རེས་བྱེད་པ་དང་། རིག་གནས་གྲ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གནས་མཆོག་གི་ཉམས་འགྱུར་ཞེས་པའི། བོད་ཀྱི་དེང་རབས་ཀྲུང་གོའི་ཡིག་རིས་རིག་གཞུང་གདན་ཞུའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ལྷ་ས་རུ་གཉེར་བ་རེད།

    ད་རེས་ཀྱི་འགྲེམས་སྟོན་ནང་རྒྱལ་ཡོངས་ས་ཆ་ཁག་གི་ཡིག་རིས་སྒྱུ་རྩལ་མཁས་ཅན་གྱི་ཉེ་དུས་བཀོད་འབྲི་བྱས་པའི་བརྗོད་དོན་ཕུན་སུམ་ཚོགས་པ་དང་། གཟིགས་ཚུལ་མི་འདྲ་བའི་ཕུལ་བྱུང་བརྩམས་བྱ100ལྷག་འགྲེམས་སྟོན་བྱས་པ་དང་། བརྩམས་བྱའི་ནང་བརྗིད་ཆགས་ངོ་མཚར་ཆེ་བའི་རི་ཆུ་དང་ཡུལ་གོམས་གཤིས་ལུགས། གྲོང་གསེབ་ཀྱི་ཡུལ་མིའི་ཡ་རབས་སྤྱོད་ཚུལ་བཅས་མཚོན་པར་བྱས་ཡོད་ལ་ཁྱད་ལྡན་རིག་གནས་དང་སྒྱུ་རྩལ་གྱི་སེམས་ཁམས་ཀྱང་མཚོན་པར་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་དེ་ལྷ་ས་ཕུད་ད་དུང་པེ་ཅིན་སོགས་མེས་རྒྱལ་ནང་སའི་གྲོང་ཁྱེར་ཆེ་གྲས་སུ་སྔ་རྗེས་སུ་སྤེལ་རྒྱུ་དང་། འདི་ཟླའི་སྤྱི་ཚེས1ཉིན་ནས་ཚེས6ཉིན་བར་ལྷ་ས་རུ་འགྲེམས་སྟོན་བྱེད་རིང་གཟིགས་མོ་བ་ཚོས་པཱ་སེ་ཉོ་མི་དགོས་པར་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་དེ་བལྟད་མོ་བལྟ་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག