མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་གཞིར་ཤུགས་སྣོན་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-03 10:20

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་དུས། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ཁག་གཉིས་པར་འདེམས་གཏོང་བྱས་པའི་གྲོང་ཚོ་ཏང་ཀྲེ་པུའི་ཧྲུའུ་ཅིར་སྦྱོང་བརྡར་སྤྲོད་པའི་འཛིན་གྲྭའི་སློབ་འགོ་ཚུགས་པ་དང་། འདེམས་གཏོང་བྱེད་ཐེངས་གཉིས་པའི་གྲོང་ཚོ་ཏང་ཀྲེ་པུའི་ཧྲུའུ་ཅི525ལ་གཅིག་བསྡུས་ཐོག་སྦྱོང་བརྡར་སྤྲད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྦྱོང་བརྡར་ནང་ཆེད་དོན་ཟུར་ཁྲིད་དང་གཟིགས་སྐོར་རྟོག་ཞིབ། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར། སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་སོགས་ཀྱི་བྱ་ཐབས་སྤྱད་དེ། ཕྱོགས་བསྡུས་བྱང་ཚད་དང་ལས་ཀའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད།

    ཆབ་མདོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ལིའི་ཧྥུ་ཀྲུང་གིས། ས་ཁུལ་དེ་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་ནས་ཕུལ་བྱུང་ལས་བྱེད་པ་སྟོང་ཁ་ལོན་པ་འདེམས་གཏོང་བྱས་ཏེ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལས་གཞིར་ཤུགས་སྣོན་རྒྱག་པ་དེ་ནི། ཆབ་མདོ་ས་ཁུལ་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་རྩ་འཛུགས་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཞིག་ཡིན་པ་དང་། འདེམས་གཏོང་བྱས་པའི་ལས་བྱེད་པས་དུས་བདེ་ཡོང་བ་བྱེད་པ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཕྱུག་འགྱུར་ལ་སྐུལ་འཁྲིད་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཆབ་མདོའི་ཞིང་འབྲོག་ཁུལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཙམ་མ་ཟད་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག