མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ཞི་མཐུན་བོད་ལྗོངས་ཞེས་པའི་པར་རིས་བརྩམས་ཆོས་འགྲེམས་སྟོན་ཨོ་སུ་ཁྲུ་རི་ཡ་ནས་འགོ་བརྩམས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 10:20

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་བོད་ལྗོངས་ཞེས་པའི་མཛེས་རྩལ་པར་ལེན་བརྩམས་བྱའི་ཨོ་སི་ཁྲུ་ལི་ཡའི་འགྲེམས་སྟོན་དེ་སྤྱི་ཟླ5བའི་ཚེས29ཉིན་ཤས་གོང་ཨོ་སི་ཁྲུ་ལི་ཡའི་ཤི་ཉི་ཏ་ལིང་གྲུ་ཁའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ཀྱི་ཚོམས་ཆེན་དང་པོར་གཉེར་འགོ་ཚུགས་ཡོད་པ་རེད།

    ངོ་སྤྲོད་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་ཐོག་རི་མོའི་བརྩམས་ཆོས140དང་པར་ལེན་བརྩམས་ཆོས140བོད་དང་འབྲེལ་བ་ཡོད་པའི་ཕྲ་ཆུང་གློག་བརྙན8། བོད་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་ཆེད་སྒྲིག་པར་གཞི10སོགས་རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་མངོན་ཐབས་བརྒྱུད་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ། དམངས་འཚོ། ཆོས་ལུགས་སོགས་ཁྱབ་ཁོངས་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་སླར་ཡང་མངོན་པ་བྱས་པ་དང་ལྟ་ཕྱོགས་མང་བའི་ཐོག་ནས་གངས་ལྗོངས་ས་མཐོའི་ངོ་མཚར་ཆེ་ལ་མཛེས་སྡུག་རྣམ་པར་བཀྲ་བའི་རང་བྱུང་ཡུལ་ལྗོངས་དང་བོར་རིགས་མི་དམངས་ཀྱི་བབ་ཆགས་ཞི་མཐུན་གྱི་བདེ་སྐྱིད་འཚོ་བ་གསོན་ཉམས་ལྡན་པའི་ངང་མངོན་པ་བྱས་ཡོད་ཅིང་བརྩམས་ཆོས་དེ་དག་ཐོག་ནས་བོད་ཀྱི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་ཐུབ་པ་དང་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་བྱུང་བ། བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། གོང་འཕེལ་ཡག་པོ་བྱུང་ཚུལ་གང་ལེགས་མངོན་ཡོད་པས་སྐུ་མགྲོན་ཚོས་མགྲིན་གཅིག་ཏུ་གདེང་འཇོག་ཡག་པོ་བྱས་ཡོད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཞེས་པའི་འགྲེམས་སྟོན་དེ་ཤི་ཉི་རུ་ཉིན3བསྟུད་མར་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག