མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་སྦྲག་ཟམ་ཅུས་ཀྱི་རེས་འཁོར་གསར་པའི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-03 10:20

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་དུས། བོད་ལྗོངས་གཞིས་རྩེ་ས་ཁུལ་སྦྲག་ཟམ་ཅུས་ཀྱིས་དད་སེམས་བརྟན་དུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་གོང་མཐོར་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་ཀྱི་བྱེད་སྒོའི་སྐུལ་སློང་ཚོགས་འདུ་འཚོགས་པ་དེའི་ཐོག་ནས། གཞིས་རྩེ་ས་ཁུལ་སྦྲག་ཟམ་ཅུས་ཀྱི་རེས་འཁོར་གསར་པའི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་སྒོ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། གཞིས་རྩེ་ས་ཁུལ་སྦྲག་ཟམ་ཅུས་ཀྱིས་ད་ལོའི་སྤྱི་ཟླ6པ་ནས12པའི་རིང་ཏང་གཤིས་སློབ་སྦྱོང་གི་གྲོས་བསྡུར་ཆེ་མོ་དང་དཔེ་དེབ་ཀློག་ལྟ། ཁ་བཤད་ལག་བསྟར། ཕུལ་བྱུང་དཔྱད་འདེམས་སོགས་ཀྱི་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ་དང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་ལས་ཀ། འཚོ་བ་བཅས་ཀྱི་ཁྲོད་གནས་པའི་སྒྱིད་ལུག་དང་རྣམ་གཡེང་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག