མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་དཔལ་མགོན་རྫོང་གིས་རིག་དངོས་སྲུང་སྐྱོབ་ལས་དོན་ཏན་ཏིག་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-03 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་གི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཁག་གིས། རང་ཁོངས་གཏོགས་དགོན་སྡེའི་རིག་དངོས་ཐོ་འགོད་ཞིབ་ཚགས་བྱས་ཡོད་པ་རེད། ད་ཆ་དཔལ་མགོན་རྫོང་དུ་པར་རིས་དང་གྲངས་གཞི་སོགས་ཆ་ཚང་བའི་རིག་དངོས་ཡིག་ཚགས་ཡོད་པ་དང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཁག་གིས་རང་སོ་སོའི་དོན་དངོས་གཞིར་བཟུང་རིག་དངོས་དོ་དམ་འགན་འཁྲི་ཁ་གསལ་བཟོས་པ་མ་ཟད། རིག་དངོས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པ་བཟོས་ཡོད་པ་རེད། གཞན་ཡང་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་འཛུགས་རྒྱུའི་སློབ་གསོ་འཁྲིད་སྟོན་བྱས་ནས། རང་འགུལ་ངང་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ལ་བརྩི་སྲུང་བྱས་ཏེ། སྤྱི་ཚོགས་ཡོངས་སུ་མི་ཚང་མས་རིག་དངོས་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག