མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་དགེ་རྒྱས་རྫོང་གིས་དགོན་སྡེའི་གྲྭ་བཙུན་རྣམས་ལ་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལས་དོན་ནན་ཏན་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-30 11:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གིས་དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལས་ཀར་མཐོང་ཆེན་པོ་བྱས་པ་དང་། རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པས། དགོན་སྡེའི་གྲྭ་བཙུན་ཚོ་གྲོང་ཁྱེར(གྲོང་རྡལ)གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལས་དོན་ཁག་ཏན་ཏིག་ངང་སྤེལ་རྒྱུར་འགན་སྲུང་ཐུབ་པ་རེད།

དགོན་སྡེའི་གྲྭ་བཙུན་འགན་བཅོལ་ནང་ཞུགས་ཐུབ་པ་བྱ་ཆེད་རྫོང་དེས་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལས་དོན་དམ་འཛིན་བྱས་པ་དང་སྦྲགས། འགན་བཅོལ་ནང་ཞུགས་མཁན་དགོན་སྡེའི་གྲྭ་བཙུན་གྱི་ཐོབ་ཐང་གཏན་འཁེལ་དང་། འགན་བཅོལ་ནང་ཞུགས་མཁན་ཐོ་འགོད། གཞི་རྩའི་ཆ་འཕྲིན་འཚོལ་བསྡུ། འགན་བཅོལ་ནང་ཞུགས་པའི་ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་ཁག་ནན་ཏན་ངང་སྤེལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག