མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོ་བོད་ལྗོངས་ཀྱིས་བརྒྱད་འཛོམས་ཞིང་དུད་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-30 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་ཆུ་དང་གློག ལམ། སོལ་རླངས། འཕྲིན་གཏོང༌། སྦྲག་ཟམ། རླུང་འཕྲིན་དང་བརྙན་འཕྲིན། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་བརྒྱད་འཛོམས་ཞིང་དུད་ལས་གཞི་ལག་བསྟར་བྱེད་མགྱོགས་སུ་བཏང་བ་དེས། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་ཐོན་སྐྱེད། འཚོ་བའི་ཆ་རྐྱེན་བཅས་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱིས་བརྒྱད་འཛོམས་ཞིང་དུད་ལས་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས། ཞིང་འབྲོག་མང་ཚོགས་ཚང་མའི་འཐུང་ཆུའི་བདེ་འཇགས་གནད་དོན་དང་སྲིད་འཛིན་གྲོང་ཚོ་ཚང་མའི་གཞུང་ལམ་ཤར་གཏོང་ཐུབ་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང༌། སྲིད་འཛིན་གྲོང་ཚོ1000གི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་ལེགས་སྒྲུབ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག