མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྟག་རྩེ་རྫོང་འབྲོམ་སྟོད་གྲོང་ཚོར་དྲོད་ཁང་ཆེ་གྲས་ཁག་ནང་ཞིང་ལས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-30 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་འབྲོམ་སྟོད་ཤང་འབྲོམ་སྟོད་གྲོང་ཚོར་གནས་པའི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ཁུལ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར1.25བཏང་བ་དང་། ས་ངོས་རྒྱ་ཁྱོན་མུའུ1200ཟིན་ཡོད་པ་དང༌། སྤྱི་ལོ2012ལོར་བསྐྲུན་འགོ་བཙུགས་ཏེ་ལོ3ནས5བར་ལ་དབྱེ་ནས་ལག་བསྟར་བྱེད་རྒྱུ་རེད།

ད་ལོ་ནས་འགོ་བཙུགས་ཏེ་དྲོད་ཁང་ཆེ་གྲས་ཁག་ནང་ཞིང་ལས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་རྒྱུ་དང༌། སྒྲིག་ཆས་དེས་སྐྱེས་དངོས་ནང་གི་ཞིང་སྨན་ལྷག་འཕྲོ་གཙང་སེལ་ཐུབ་ནས་དེ་བས་ལེགས་པའི་སྒོ་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག