མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་ད་ལོའི་བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-30 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས26ཉིན་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཙོ་གཉེར་བྱས་པ་དང་ལྗོངས་སློབ་གསོ་ཐིང་དང་ནོར་སྲིད་ཐིང༌། གཞུང་ཁུངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཚན་པས་ཐུན་མོང་ཐོག་གཉེར་བའི་སྤྱི་ལོ2013ལོའི་བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་བྱེད་སྒོ་བོད་ལྗོངས་མི་རིགས་སློབ་གླིང་གི་རིག་གནས་དང་ལུས་རྩལ་ཁང་དུ་སྤེལ་བ་རེད།

བསྡོམས་བརྩིས་བརྒྱབ་པར་གཞིགས་ན། ལྗོངས་ནང་ཁོངས་ནས་ཡོང་བའི་མི་བེད་སྤྱོད་གཏོང་མཁན་ཚན་པ40ལྷག་དང་ཤིས་ཨན་གྱི་མི་བེད་སྤྱོད་གཏོང་མཁན་ཚན་པ་གཉིས་ཀྱིས། བོད་ཀྱི་མཐོ་རིམ་སློབ་ཐོན་སློབ་མར་འཚམས་པའི་ལས་ཞུགས་ལས་གནས400ལྷག་་མཁོ་འདོན་བྱས་པའི་ནང་དངུལ་རྩ་དང་ཉོ་ཚོང༌། བཟོ་ཚོང༌། ཡུལ་སྐོར། དྲུང་ཡིག་སོགས་ཆེད་ལས40ལྷག་ཡོད། གདན་ཞུའི་བྱེད་སྒོའི་ཐོག་སློབ་ཐོན་སློབ་མ2500ལྷག་ཞུགས་པ་དང་། སློབ་ཐོན་སློབ་མ329ཡིས་གདན་ཞུ་བྱེད་མཁན་ཚན་པ་ཁག་དང་ལས་ཞུགས་འདོད་མཐུན་བཞག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག