མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ལེའི་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་ཀུན་སྤྱོད་བཟང་བའི་ལོ་ཆུང་བྱིས་པ་ཞིག་བྱེད་པའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-29 11:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས27ཉིན་གྱི་སྔ་དྲོ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གིས་ལེའི་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་ཀུན་སྤྱོད་བཟང་བའི་ལོ་ཆུང་བྱིས་པ་ཞིག་བྱེད་པ་ཞེས་པའི་དྲ་ཐོག་མིང་འགོད་ཆ་སྐུར་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

ད་རེས་ཀྱི་བྱེད་སྒོ་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་དང་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་ལས་ཁང་གི་བླང་བྱར་གཞིགས་ནས། སྤེལ་བའི་ལའེ་ཧྥུང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ལའེ་ཧྥུང་གི་རྒྱུན་འཛིན་པ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་ཀྱི་ཀུན་སྤྱོད་སློབ་གསོའི་བྱེད་སྒོ་ཞིག་རེད། བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་གྱི་ལོ་ཆུང་བྱིས་པ་ཚོས་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་རྒྱུ་དང༌། ངལ་རྩོལ་ལ་དགའ་ཞེན་དང་གུས་ཞབས་ལྡན་པ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དང་ཀྲུང་གོའི་གསར་བརྗེའི་ཕུལ་བྱུང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱི་ལོ་རྒྱུས་འགན་འཁྲི་འཁུར་ཕོད་པ། དུས་དང་རྣམ་པ་ཀུན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་གཏོད་རྒྱུར་གྲ་སྒྲིག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་བཅས་ཀྱི་འབོད་སྐུལ་བྱས་ཡོད་པ་རེད།

བྱེད་སྒོའི་ཉིན་མོར་སློབ་མ་ཚོས་ཁག་སོ་སོར་བརྙན་འཕྲིན་སློབ་ཁྲིད་ཁང་དུ་ལའེ་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་ཀུན་སྤྱོད་བཟང་བའི་ལོ་ཆུང་བྱིས་པ་ཞིག་བྱེད་པ་ཞེས་པའི་དྲ་ཐོག་མིང་འགོད་ཆ་སྐུར་དང་། རང་སོ་སོའི་འཛིན་གྲྭའི་ནང་གཙོ་དོན་འཛིན་གྲྭའི་ཚོགས་འདུ་འཚོགས་པ། སློབ་གྲྭའི་ཉེ་འཁོར་དུ་དང་བླངས་པ་ཆུང་ཆུང་གིས་ཁོར་ཡུག་གཙང་སྦྲ་བྱེད་པ། ཤེས་དཔལ་འགྲིམ་འགྲུལ་འཁྲིད་སྟོན་པ་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག