མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷུན་རྩེ་རྫོང་སྲིད་གཞུང་གིས་རོང་འབྲོག་མང་ཚོགས་ཀྱི་ཤིང་ཕོར་ལས་སྣོན་ཐད་ཀྱི་ལག་རྩལ་སྦྱོང་བརྡར་བྱ་བ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྩ་རི་ཞང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། ཞང་དེའི་ཁོར་ཡུག་མཛེས་ལ་ནགས་ལས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ན་ཡང་། ཆེད་ལས་ལག་རྩལ་དཀོན་པའི་རྐྱེན་གྱིས་རྩ་རི་ཞང་གི་ཤིང་ཕོར་ལས་སྣོན་དེ་ཡུན་རིང་བོ་ཞིག་ལ་གསར་སྤེལ་བྱེད་མ་ཐུབ།

ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ཡུལ་བབ་ཀྱི་དགེ་མཚན་ལ་བརྟེན་ནས། ལྷུན་རྩེའི་ཐུན་མོང་མ་ཡིན་པའི་ཐོན་ལས་བསྐྲུན་ཆེད། ལྷུན་རྩེ་རྫོང་སྲིད་གཞུང་གིས་ད་ལོར་མ་དངུལ་སྒོར་འབུམ2བཏང་བ་དང་། རྫོང་ནོར་སྲིད་དང་ཞིང་ཕྱུགས་སོགས་ལས་ཁུངས་ཀྱིས་ཚན་རྩལ་མི་སྣ་གདན་ཞུས་བྱས་ཏེ། རྩ་རི་ཞང་གི་རོང་འབྲོག་མང་ཚོགས་ལས་མི20བདམས་ནས་ཤིང་ཕོར་ལས་སྣོན་ཐད་ཀྱི་ལག་རྩལ་སྦྱོང་བརྡར་བྱེད་དུ་བཅུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག