མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོ་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུའུ་ཡིས་ལོ་འཁོར་མོའི་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5.8ཟིན་པ་བྱེད་རྒྱུ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-29 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་ལོ་འཁོར་མོའི་ནང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ158ཡན་སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5.8ཟིན་པ་བྱེད་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ལྷོ་ཁ་ས་ཁུལ་གྱི་ད་ཡོད་ཀྱི་སྐར་མ་རིམ་པའི་གསོན་མགྲོན་ཁང་གི་སྣེ་ལེན་གཞི་ཁྱོན་བརྟན་པོ་ཡོང་བ་བྱེད་རྒྱུ་དང་ཆབས་ཅིག སྐད་གྲགས་ཡོད་པའི་གསོལ་མགྲོན་ཁང་ནང་འདྲེན་ཧུར་ཐག་བྱེད་རྒྱུ་དང་སྐར་མ་རིམ་པ་དང་། ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་དཔྱད་འདེམས་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དེ་ཡོངས་ཀྱི་ཡུལ་སྐོར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང3ནས5བར་དང་། སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང10། ཀ་པ་རིམ་པའི་མཛེས་ལྗོངས་ཁུལ5བཅས་མང་དུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག