མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-29 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་བོད་ལྗོངས་ཀྱིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་པ་དང་། ཤེས་བྱའི་བདག་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་བཀག་འགོག་ནན་ཏན་བྱས་པས། ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་བ་དང་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ཡོད་པ་རེད།

སྤྱི་ལོ2012ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་སྔ་ཕྱི་བསྡོམས་སྒེར་བདག་དབང་ཆ1680རེ་ཞུ་བྱས་པ་དང༌། སྒེར་བདག་དབང་ཆ1110ལ་དབང་ཆ་རགས་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ལྗོངས་ཡོངས་ཀྱིས་སྒེར་བདག་དབང་ཆ་རེ་ཞུ་བྱེད་པའི་གྲངས་འབོར་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་སྤུས་ཚད་གང་ཙམ་མཐོ་རུ་ཕྱིན་པ། གསར་གཏོད་ཀྱི་སྒེར་བདག་དབང་ཆ་རེ་ཞུ་བྱེད་ཚད་མང་དུ་ཕྱིན་པ། ལག་རྩལ་འདུས་ཚད་ངེས་ཅན་ལྡན་པ་དང་ཐོན་ལས་ཅན་གོང་འཕེལ་གྱི་མདུན་ལྗོངས་ཡོད་པའི་སྒེར་བདག་དབང་ཆའི་ལག་རྩལ་བཅས་ཐོན་ནས། ལོ་འཁོར་མའི་སྒེར་བདག་དབང་ཆ་རེ་ཞུ་བྱེད་ཚད170ཟིན་པའི་ནང་གསར་གཏོད་ཀྱི་སྒེར་བདག་དབང་ཆ་རེ་ཞུ་བྱེད་ཚད81ཟིན་པ་དང༌། གསར་གཏོད་ཀྱི་སྒེར་བདག་དབང་ཆ57ལ་དབང་ཆ་སྤྲད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག