མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དང་པོའི་ལྷ་སའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཆེ་མོ་མཇུག་སྒྲིལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-29 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་དང་། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་སྤ་སེ་མི་དགོས་པར་སྒོ་མོ་དབྱེ་བའི་བྱེད་སྒོའི་ཁྱབ་ཁོངས་ཆེ་རུ་གཏོང་བ་། ལོ་ཆུང་བྱིས་པའི་ཤེས་ཡོན་ངོམས་པའི་གར་སྟེགས་གཏོད་པ། བོད་ལྗོངས་ཡོངས་ཀྱི་ནར་མ་སོན་པའི་རིག་གནས་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ་བཅས་བྱ་ཆེད། སྤྱི་ཟླ5བའི་ཚེས25ཉིན་གྱི་ཕྱི་དྲོ། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་ལྷ་སའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཆེ་མོ་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་མཇུག་སྒྲིལ་བ་རེད། ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་ཁག་ནས་ཡོང་བའི་བྱིས་པ20ལྷག་ལ་ཁག་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་བཅས་རགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག