མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འདམ་གཞུང་རྫོང་དུ་ལྷན་སྐྱེས་སྙིང་ནད་ཀྱི་བརྟག་དཔྱད་དང་རོགས་སྐྱོབ་ཀྱི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-29 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། པེ་ཅིན་མཁའ་དམག་སྤྱི་ཁྱབ་སྨན་ཁང་གི་རིགས་གཅིག་མཁས་ཅན། བོད་ལྗོངས་ལྷ་ས་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པ་དང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་འགན་འཁུར་བ་བཅས་ལས་གྲུབ་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་རོགས་སྐྱོབ་ཚོགས་ཆུང་གིས། འདམ་གཞུང་རྫོང་དུ་སྐྱོད་དེ་ལྷན་སྐྱེས་སྙིང་ནད་ཀྱི་བརྟག་དཔྱད་དང་རོགས་སྐྱོབ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

ད་རེས་ཀྱི་ལྷན་སྐྱེས་སྙིང་ནད་སྨན་བཅོས་རོགས་སྐྱོབ་བྱེད་སྒོ་དེ་ནི། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་བཅས་ཀྱིས་ཐག་རིང་ས་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་བརྟག་དཔྱད་དང་སྨན་བཅོས་བྱས་ཏེ། ལྷན་སྐྱེས་སྙིང་ནད་ཕོག་མཁན་ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱ་ཆེད་སྤེལ་བའི་མཉམ་འབྲེལ་བྱེད་སྒོ་ཞིག་ཡིན་པ་རེད།

དུས་ཡུན་ཉིན6རིང་ཁག་སོ་སོར་རྫོང་དེའི་ཤང་དང་གྲོང་རྡལ8ལ་སྐྱོད་དེ། ཕྲུ་གུ་དམར་འབྱར་ནས་ལོ18བར་གྱི་ཕྲུ་གུ7000ལ་བརྟག་དཔྱད་བྱས་པའི་ནང་། ཕྲུ་གུ600ཙམ་ལ་ལྷན་སྐྱེས་སྙིང་ནད་ཀྱི་ནད་རྟགས་ཐོན་པས་ཁོང་ཚོར་ཚད་བརྒལ་སྒྲ་རླབས་ཀྱི་བསྐྱར་ཞིབ་བྱས་པ་བརྒྱུད་ཕྲུ་གུ72ལ་ལྷན་སྐྱེས་སྙིང་ནད་འཕོག་པ་གཏན་འཁེལ་བྱུང་ནས། ཁོང་ཚོ་སྤྱི་ཟླ6པའི་ནང་ཁག་གཉིས་ལ་བགོས་ཏེ་པེ་ཅིན་མཁའ་དམག་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག