མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་ཇོ་ཁང་ལ་ཕྱོགས་བསྡུས་རང་བཞིན་གྱི་སྲུང་སྐྱོབ་ཞིག་གསོ་བྱེད་བཞིན་ཡོད།

རྩོམ་པ་པོ། ལྗོན་སྨྱུག་གིས་བསྒྱུར།  ཡོང་ཁུངས། ཞིན་ཧྭའི་དྲ་བ།  2013-05-25 12:00

          ཞིག་གསོ་ལེགས་འགྲུབ་བྱུང་བའི་ཇོ་ཁང་ཡང་སྟེང་གི་ཆོས་འཁོར་དང་རི་དྭགས་ཕོ་མོ།  

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་དང་ཇོ་ཁང་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཇོ་ཁང་གིས་ད་ལྟ་ཕྱོགས་བསྡུས་རང་བཞིན་གྱི་སྲུང་སྐྱོབ་ཞིག་གསོ་ལས་ཀ་སྤེལ་བཞིན་ཡོད་ཅིང་།ཞིག་གསོ་ལས་གཞི་དེར་བཏང་བའི་མ་དངུལ་ཡོངས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན་ལ་ཆེས་མང་བའི་ཐེངས་ཤིག་ཡིན། ད་ཐེངས་ཀྱི་ཞིག་གསོ་གཙོ་བོ་ཇོ་ཁང་གི་གདོད་མའི་བཀོད་པ་སླར་གསོ་དང་། ཇོ་ཁང་གི་ཕྱིའི་བཀོད་པ་དང་ནང་རྟེན་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱ་ཆེད་ཡིན།

    ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་ལྟར་ན། མིག་སྔར་ཇོ་ཁང་ཞིག་གསོ་སྲུང་སྐྱོབ་བྱེད་མུས་ཡིན་ལ། གཙོ་བོ་གསེར་ཏོག་ཞིག་གསོ་དང་། ལྡེབས་རིས་སྲུང་སྐྱོབ། བདེ་འཇགས་དང་མེ་འགོག ཆུ་འབུད་མ་ལག་བཅོས་ལེགས་སུ་གཏོང་བ། ཐང་བོད་མནའ་འབྲེལ་རྡོ་རིང་སྲུང་སྐྱོབ་སོགས་ཀྱི་ཞིག་གསོ་ལས་གཞི་བཅས་ཡིན། དེའི་ནང་ནས་གསེར་ཏོག་གི་ཞིག་གསོ་ལ་ཁྱོན་སྡོམ་མ་དངུལ་འགྲོ་གྲོན་སྒོར་དུང་ཕྱུར1.6བཏང་བ་དང་། དེ་ནི་བོད་རང་སྐྱོང་ལྫོངས་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་།ཇོ་ཁང་བཅས་གྱིས་མཉམ་དུ་མ་དངུལ་བསྡུས་ནས་ཞིག་གསོ་བྱ་རྒྱུ་དང་། ལས་གཞི་ལྷག་མ་རྣམས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་གྱི་འགྲོ་གྲོན་སྡོམ་པའི་ཧ་ལམ་སྒོར་ཁྲི3000བཏང་ནས་ཞིག་གསོ་བྱ་རྒྱུ་རེད།

                ཞིག་གསོ་ལེགས་འགྲུབ་བྱུང་བའི་གཙུག་ལག་ཁང་གི་གསེར་ཏོག

                  ཞིག་གསོ་བྱ་རྒྱུའི་གཙུག་ལག་ཁང་གི་ལྡེབས་རིས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག