མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ཐང་ག་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-24 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་ཐང་ག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་ཆེད་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་རིག་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་དང་དེང་རབས་ཀྱི་ཚན་རྩལ་བེད་སྤྱོད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཐང་ག་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཐང་ག་ལས་དོན་ཁང་སྤྱི་ལོ2012ལོའི་ཟླ10པར་བཙུགས་པ་དང་། དེ་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཙམ་མ་ཟད། བོད་ཡོངས་ཀྱི་ཐང་ག་ཚན་རྩལ་སྲུང་སྐྱོབ་དང་རིགས་གཞུང་ཞིབ་འཇུག་བྱེད་པའི་གལ་ཆེའི་ལས་སྟེགས་ཤིག་ཀྱང་རེད།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཉར་ཚགས་དོ་དམ་པུའི་ཀྲུའུ་རེན་པ་སངས་ནོར་བུས་ད་ཆ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཐང་ག་སྲུང་སྐྱོབ་ལས་དོན་ཁང་གིས་གཙོ་བོ་བཤམས་མཛོད་ཁང་གི་ཐང་གར་ཧམ་སྤུ་རྒྱག་པ་དང་འབུ་སྐྱོན་ཕོག་པར་ཞིབ་བཤེར་བྱེད་ཀྱི་ཡོད། ཆ་འཕྲིན་བསྡུ་ལེན་བྱས་རྗེས་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་ལ་བརྟེན་ཏེ་སྲུང་སྐྱོབ་བྱེད་པ་དང་། གང་ཡིན་ཞེ་ན་ཐང་ག་དེ་དག་ལོ་རབས་རིང་བས་ཐང་ག་མང་པོ་ཞིག་ལ་དུ་དྲག་དང་དྲག་པ་འགོས་ཡོད་པ་མ་ཟད། དེའི་ཤོག་སྦྱར་མཛེས་བཟོ་རལ་པ་དང་ཆད་ཡོད་པས་ང་ཚོས་རང་ནུས་ཀྱི་ལག་རྩལ་ལ་བརྟེན་ནས་ཉམས་བཟོ་བྱས་ཏེ་ཐང་ག་ཚང་མར་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་དབུ་འཛིན་པད་མ་དོན་གྲུབ་ཀྱིས་སླད་ཕྱིན་ཐང་ག་ལས་དོན་ཁང་གིས། དེང་རབས་བཟོ་ལས་ཀྱི་བཟོ་རྩལ་གསར་པ་བེད་སྤྱད་དེ་ང་ཚོའི་རང་ས་ཁུལ་གྱི་ཐང་གའི་རིག་དངོས་ཉམས་བཟོ་དང་སྲུང་སྐྱོབ་བྱེད་རྒྱུར་འཚམས་པའི་བྱ་ཐབས་ཞིབ་འཇུག་བྱས་ཏེ། ཐང་གའི་རིག་དངོས་ཞིབ་འཇུག་དང་ཚན་རྩལ་གྱི་སྲུང་སྐྱོབ་ཆ་འཕྲིན་ལས་སྟེགས་སྐྲུན་པ་དང༌། སྔོན་ཐོན་ཡོ་བྱད་བེད་སྤྱད་ནས་ཉར་ཚགས་དངོས་པོར་ཚན་རིག་དང་མཐུན་པའི་ཞིབ་བཤེར་ཚད་ལེན་བྱེད་པ། ཐང་གའི་རིག་དངོས་བཟོ་རྩལ་དང་རི་མོ་འབྲི་ལུགས། ལོ་རྒྱུས་ཀྱི་འབྱུང་ཁུངས་སོགས་ལ་དབྱེ་ཞིབ་བྱེད་པ་བཅས་བྱས་ཏེ་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཐང་གའི་ཚན་རྩལ་སྲུང་སྐྱོབ་ལས་སྟེགས་སྐྲུན་རྒྱུ་རེད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག