མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་གིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-24 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་གིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། མཛེས་ལྗོངས་ཁུལ་ཁག་ཅིག་གི་ཡུལ་སྐོར་སྒྲིག་བཀོད་འཐུས་ཚང་དུ་བཏང་བ། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ཞིང་འབྲོག་མང་ཚོགས་ཐེ་ཞུགས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་བ། མ་འཇོག་འཛུགས་སྐྲུན་བྱེད་རྒྱུར་སྐུལ་མ་བཏང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ར་འོག་མཚེའུ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་གི་གྲགས་ཅན་ཡུལ་སྐོར་ཁུལ་གཏོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། དཔའ་ཤོད་རྫོང་དུ་ད་ཆ་སྐར་མ་རིམ་པ་གཉིས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ར་འོག་མཚེའུ་དང་ལྟོ་ལ་གནས་རི་གཉིས་དང༌། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཐང་དཀར་དགོན་དང་ལྟོ་ལ་གནས་རི་གཉིས་ཡོད་པའི་ནང་ར་འོག་མཚེའུ་དེ་སྐར་མ་རིམ་པ་གསུམ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རེ་ཞུ་བྱས་པའི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད། ན་ནིང་རྫོང་དེས་ཡུལ་སྐོར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི1ཙམ་ཟིན་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་ཚོ1200ལྷག་ཙམ་ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག