མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སས་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གཏོད་པ་དང་དཔྱད་འདེམས་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-24 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས21ཉིན་གྱི་སྔ་དྲོ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྐོང་འཚོགས་བྱས་ཏེ། ལྗོངས་ཡོངས་ཀྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གཏོད་པ་དང་དཔྱད་འདེམས་བྱེད་པའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ཁྲེན་ཀོན་ཆུས་དང་རྫོང་ཁག་གི་རང་འདེམས་ལས་དོན་དེ་གཅིག་གྱུར་ལས་དོན་ལ་འགྱུར་བ་བྱས་ནས་དཔེ་མཚོན་ཁྱབ་གདལ་དང་། གཉིས་ལྡན་དུད་སྦྲེལ་གྱི་ལས་དོན་དེ་ཁྱབ་ཁོངས་དེ་བས་ཆེ་བ་དང་བང་རིམ་དེ་བས་མཐོ་བའི་ཐོག་ཁྲིད་སྟོན་བྱས་ཏེ་ཐུན་མོང་ཐོག་ཡར་རྒྱས་མགྱོགས་པོ་ཡོང་བ་བྱེད་པ། རིམ་པ་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་དང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་ཐད་ཀའི་འགན་འཁྲི་ཏན་ཏིག་འཁུར་བ་དང༌། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་སྟོབས་ཤུགས་གཅིག་བསྡུས་དང་གཅིག་གྱུར་འཁྲིད་སྟོན་བྱས་ཏེ། གཉིས་ལྡན་དུད་སྦྲེལ་ལས་ཀར་ཁྱོན་ཡོངས་ནས་སྐུལ་སྤེལ་ཏན་ཏིག་བཏང་ཐོག ཁྲེན་ཀོན་ཆུས་དང་རྫོང་ཁག་ཚང་མར་རང་སོ་སོའི་ཁྱད་ཆོས་ཡོད་པ་དང་གྲོང་ཚོ་ཁག་ཚང་མར་རང་སོ་སོའི་ཁྱད་ཆོས་ཡོད་པ་བྱས་ཏེ། ལྷ་སའི་གཉིས་ལྡན་དུད་སྦྲེལ་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ་བྱེད་པའི་རྨང་གཞིའི་ཐོག་ལྗོངས་ཡོངས་ཀྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག