མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་མང་ཆེ་བ་རྩི་ཞུ་ཐུབ་པ་བྱེད་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-23 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས20ཉིན། གསར་འགོད་པས་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་སྨན་བཅོས་འགྲོ་གྲོན་རྩི་ཞུ་བྱེད་ཚད་མཐོ་ཤོས་སྒོར་ཁྲི་ཚོ13ཟིན་གྱི་ཡོད་པ་དེས། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ནད་གཞི་ཆེ་རིགས་འཕོག་སྐབས་ཀྱི་སྨན་བཅོས་འགྲོ་གྲོན་མང་ཆེ་བ་རྩི་ཞུ་ཐུབ་རྒྱུ་རེད།

སྤྱི་ལོ2013ལོའི་རང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་ཕོན་ཆེན་གྱི་ཁ་གསབ་སྨན་བཅོས་འགན་བཅོལ་གྲོས་མཐུན་ལ་གཞིགས་ན། མི་དམངས་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ145ལ་ལོ་ལྟར་སྒོར་ཁྲི7གྱི་སྨན་བཅོས་ཀྱི་ཁ་གསབ་འགན་བཅོལ་མཁོ་འདོན་བྱེད་རྒྱུ་རེད།

སྤྱི་ལོ2013ལོར་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ལོ་ལྟར་སྨན་བཅོས་འགྲོ་གྲོན་རྩི་ཞུ་ཐུབ་ཚད་སྒོར་ཁྲི་ཚོ13ཟིན་རྒྱུ་ཡིན་པས། རང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཚོས། ལོའི་ནང་གི་སྨན་བཅོས་འགན་བཅོལ་འགྲོ་གྲོན་སྒོར་ཁྲི6ལས་བརྒལ་རྒྱུ་ཡིན་པ་དང་། རང་གནས་སའི་རྫོང་གིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་བར་བརྒྱུད་ཚན་པ་དང་ཡང་ན་མི་དམངས་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིར་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་ཕོན་ཆེན་གྱི་ཁ་གསབ་སྨན་བཅོས་འགན་བཅོལ་དངུལ་རེ་ཞུ་བྱེད་མཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག