མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་བར་སྐོར་གནའ་གྲོང་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-23 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཨུད་ཀྱིས་སྐབས34པའི་རྒྱུན་ཨུད་ཚོགས་འདུ་འཚོགས་ནས་བར་སྐོར་གནའ་གྲོང་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་ཁྲིམས་ལུགས་བཞིན་ནུས་ལྡན་ངང་བར་སྐོར་གནའ་གྲོང་སྲུང་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེན་ཀོན་ཆུས་ཀྱིས་དཔང་ཉན་ཚོགས་འདུ་དང་བརྟག་དཔྱད་འདྲི་གཞི་སྤྲད་པ་སོགས་ཀྱི་རྣམ་པ་བརྒྱུད་རྒྱ་ཆེའི་མང་ཚོགས་ཚོས་གནའ་གྲོང་སྲུང་སྐྱོང་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། སྨྱན་སྦྱོར་གྱི་རྒྱ་ཆེའི་དྲིལ་བསྒྲགས་སྤེལ་གཏོང་གི་ཁྲིམས་འཛུགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་གལ་རང་བཞིན་བརྒྱུད་སྔར་བས་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་འདུ་ཤེས་ཤུགས་ཆེར་བཏང་བས་ཁྲིམས་འཛུགས་ལས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་དང་གནའ་གྲོང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་རིམ་ཁྲོད་གནའ་གྲོང་སྲུང་སྐྱོང་གི་ཁྲིམས་ལུགས་ཀྱི་མ་ལག་འཐུས་ཚང་བསྐྲུན་པ་དང་དོན་དངོས་སུ་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་དོན་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡོད་པ་བྱེད་ཐུབ་པ་དང་ཁྲིམས་ཡོད་པ་ངེས་པར་དུ་ཁྲིམས་ལ་བརྟེན་པས་སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཤུལ་བཞག་ཁྲིམས་ལུགས་ཁྲིམས་སྲོལ་གྱི་ལག་བསྟར་ནུས་པ་ཤུགས་ཆེར་བཏང་བས་ཁྱོན་ཡོངས་ནས་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག