མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཧུའུ་ནན་ཞིང་ཆེན་གྱི་སྐབས་དང་པོའི་བོད་ལྗོངས་ཀྱི་བྱིས་པའི་དགེ་རྒན་འཛིན་གྲྭའི་སློབ་མ་རྣམས་མཐར་ཕྱིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-20 11:50

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན། ཧུའུ་ནན་ཞིང་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་དང་པོའི་བོད་ལྗོངས་ཀྱི་བྱིས་པའི་དགེ་རྒན་འཛིན་གྲྭའི་སློབ་མ་བདུན་བཅུ་དོན་བདུན་གྱིས་ལོ་ངོ་གསུམ་རིང་ལ་ཆེད་ལས་ཀྱི་སློབ་གཉེར་བྱས་ནས་བདེ་བླག་ངང་མཐར་ཕྱིན་པ་དང་། མ་ཡུམ་སློབ་གྲྭ་སྟེ་ཁྲང་ཧྲ་དགེ་འོས་སློབ་གླིང་གིས་ཁོང་ཚོར་མཐར་ཕྱིན་གྱི་མཛད་སྒོ་རྒྱ་ཆེན་པོ་བསྡུས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན་བོད་རིགས་སློབ་མ་དེ་དག་ནི་ཁྲང་ཧྲ་དགེ་འོས་སློབ་གླིང་གི་བོད་ལྗོངས་ཀྱི་བྱིས་པའི་དགེ་རྒན་འཛིན་གྲྭའི་མཐར་ཕྱིན་སློབ་མ་ཡིན་ཞིང་། ཁོ་ཚོ་མཐར་ཕྱིན་རྗེས་བོད་ལྗོངས་སུ་སོང་ནས་བོད་ཁམས་ཀྱི་སློབ་སྔོན་སློབ་གསོའི་ལས་དོན་གཉེར་རྒྱུ་རེད། ཁྲང་ཧྲ་དགེ་འོས་སློབ་གླིང་དུ2010ལོ་ནས་བཟུང་སློབ་གསོ་པུའུ་ཡིས་བོད་ལྗོངས་ཀྱི་སློབ་སྔོན་སློབ་གསོའི་དགེ་རྒན་སྐྱེད་སྲིང་བྱེད་པའི་རྟེན་གཞི་བཙུགས་པ་དང་། ལོ་དེར་བོད་ལྗོངས་འཛིན་གྲྭའི་སློབ་མ་སྐོར་དང་པོ་བསྡུས་ལ། མིག་སྔར་ལོ་རིམ་གསུམ་པོར་བོད་རིགས་སློབ་མ་ཉིས་བརྒྱ་ཉེར་གཅིག་གིས་སློབ་གཉེར་བྱེད་ཀྱིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག