མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དཔྱིད་ཀར་མཛེས་པའི་བོད་ལྗོངས་སུ་བསྐྱོད་པ་ཞེས་པའི་བྱ་འགུལ་གྱི་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-20 11:50

02.JPG

དཔྱིད་ཀར་མཛེས་པའི་བོད་ལྗོངས་སུ་བསྐྱོད་པ་ཞེས་པའི་བྱ་འགུལ་གྱི་མགོ་བརྩམས་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོའི་བོད་ལྗོངས་དྲ་བས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་པར་ལེན་མཁན་གྱིས་དུས་བཞིར་བོད་ལྗོངས་ལ་གཟིགས་ཞེས་པ་ལས་དཔྱིད་ཀར་མཛེས་པའི་བོད་ལྗོངས་སུ་བསྐྱོད་པ་ཞེས་པའི་བྱ་འགུལ་དེ་མགོ་བརྩམས་ཤིང་། དེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོར་ཀྲུང་གོའི་པར་ལེན་མཁན་གྱིས་དུས་བཞིར་བོད་ལྗོངས་ལ་གཟིགས་ཞེས་པ་ལས་དགུན་དུས་སུ་བོད་ལྗོངས་ལ་བསྐྱོད་པ་ཞེས་པའི་བྱ་འགུལ་རྒྱལ་ཁའི་ངང་སྤེལ་བའི་རྗེས་ཀྱི་ཡངབསྐྱར་བསྐྱོད་མགོ་བརྩམས་པའི་པར་རིས་ཀྱི་ལམ་བུ་ཞིག་རེད།

    ཐེངས་འདིའི་བྱ་འགུལ་གྱིས་མཛེས་པའི་བོད་ལྗོངས་ཞེས་པ་བརྗོད་གཞིར་བྱས་ཏེ་མཚན་སྙན་གྲགས་ཅན་གྱི་པར་ལེན་མཁན་ལྔ་གདན་འདྲེན་ཞུས་ནས་ལྷ་ས་དང་ཉིང་ཁྲི། གཞིས་ཀ་རྩེ་སོགས་སུ་ཕྱིན་ནས། རང་བྱུང་གི་མཛེས་ལྗོངས་ལས་འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་དང་རང་བྱུང་ཁམས་ཀྱི་མཛེས་པ་གཉིས་འཆམ་མཐུན་དུ་གནས་པའི་པར་རིས་འཚོལ་བསྡུ་བྱེད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག