མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མཚུར་ཕུ་དགོན་དུ་དར་ཤིང་སྒྲེང་བའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ།

རྩོམ་པ་པོ། རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-20 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས18ཉིན། བཀའ་བརྒྱུད་པའི་གནས་མཆོག་མཚུར་ཕུ་དགོན་དུ་ལོ་རེའི་དར་ཤིང་སྒྲེང་བའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཞིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་པ་མང་པོ་དུས་ལྟར་འཇལ་སྐོར་དུ་སླེབས།

དད་ལྡན་པ་རྣམས་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད6ཡས་མས་སུ་མཚུར་ཕུ་དགོན་དུ་ཐོན་ཏེ་དར་ཤིང་སྒྲེང་བའི་ཆོ་ག་སྤེལ་བར་སྒུག་ནས་སྡོད། ཧ་ལམ་ཆུ་ཚོད8:30ཀྱི་སྟེང་དགོན་པར་དད་ལྡན་པས་བཀང་ནས་འགྲོ་ལམ་ཡང་བཅད་པའི་གནས་སུ་གྱུར། ཚང་མས་ཀྱང་ཉིན་འདིར་མི་ཚོགས་འདི་འདྲ་མང་བར་ཧ་ལས་ནས་འདུག

ཆུ་ཚོད9:00ཡི་སྟེང་། དུང་སྒྲ་དང་བཅས་དར་ཤིང་སྒྲེང་བའི་ཆོས་ལུགས་ཀྱི་ཆོ་ག་དངོས་སུ་སྤེལ་ཞིང་། དར་ཤིང་ཡར་འདེགས་པ་དང་ཆབས་ཅིག མང་ཚོགས་ཀྱིས་ཁ་བཏགས་དང་དར་ལྕོག་སོགས་སྒྲེང་སྟེ་ལོ་འདིའི་ནང་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཡོང་བར་སྐྱབས་སུ་ཞུས། ཆུ་ཚོད9:30ཀྱི་སྟེང་། དར་ཤིང་སྒྲེང་ཚར་ནས་དད་ལྡན་པ་དག་གིས་མ་ཎི་འདོན་ཞོར་དེར་སྐོར་བ་བརྒྱབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག