མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་གི་སྐྱེས་འབུལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-20 10:44

           བསྟན་འཛིན་དར་རྒྱས་ལགས་ཀྱིས་རྟེན་མཛོད་ཁང་ལ་ལེགས་སྐྱེས་འབུལ་བཞིན་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ5པའི་ཚེས18ཉིན། བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་གི་སྐྱེས་འབུལ་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་བསྡུས་ཤིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་བོད་ལྗོངས་ནོར་གནག་རྟེན་མཛོད་ཁང་ལ་ནོར་གནག་དང་འབྲེལ་བའི་དངོས་རྫས50གནང་བ་རེད།

    ནོར་གནག་རྟེན་མཛོད་ཁང་འདི་ནི་སྲོག་ཆགས་ཀྱི་རྟེན་མཛོད་ཁང་ཁོ་ན་མ་ཡིན་པར་ནོར་གནག་བརྗོད་གཞིར་བྱས་པའི་བོད་ཀྱི་རིག་གནས་རྟེན་མཛོད་ཁང་ཞིག་ཡིན་ཞིང་། རྟེན་མཛོད་ཁང་འདི་ལ་བསྡུ་ཉར་དང་འགྲེམ་སྟོན། སློབ་གསོ་སགས་དངོས་མང་བཤམས་སྟོན་ཁང་གི་གཞི་རྩའི་ཕན་ནུས་ལྡན་པར་མ་ཟད། ནོར་གནག་དང་འབྲེལ་བའི་རིག་གནས་བརྒྱུད་སྒྲོག་བྱེད་པའི་ལས་ཁུངས་སུ་བསྐྲུན་ནས་ནོར་གནག་བརྒྱུད་དེ་བོད་ཀྱི་རིག་གནས་ལོ་རྒྱུས་མངོན་མཚོན་བྱེད་པ་རེད།

    མཛད་སྒོའི་སྟེང་མཚོ་སྔོན་ཡུལ་ཤུལ་ནས་ཡོང་བའི་བསྟན་འཛིན་དར་རྒྱས་ལགས་ཀྱིས་ཁོང་གི་ལོ་ངོ་མང་བོར་བསྡུ་ཉར་བྱས་པའི་ལོ་ཉིས་བརྒྱ་ལྷག་གི་སྔོན་གྱི་སྒྱོ་བ་དང་ལོ་སུམ་བརྒྱའི་སྔོན་གྱི་ནོར་གནག་གི་རྭ་ཅོ་སོགས་རྟེན་མཛོད་ཁང་ལ་ལེགས་སྐྱེས་སུ་ཕུལ་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག