མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱི་དཔྱིད་འདེབས་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-05-18 12:22

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་བོད་ལྗོངས་ཞིང་ཕྱུགས་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། སྤྱི་ཟླ་ལྔ་བའི་ཚེས་ལྔ་ཉིན་བར་བོད་ལྗོངས་ཀྱི་དཔྱིད་འདེབས་ཀྱི་སའི་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་དགུ་བརྒྱད་བརྒྱ་ལྷག་ལ་བསླེབས་པ་དེས། དཔྱིད་འདེབས་འཆར་གཞིའི་བརྒྱ་ཆའི་རེ་བཞི་ཟིན་ཡོད།

    དཔྱིད་འདེབས་བྱེད་ཚད་དེས་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་མུའུ་ཁྲི་གསུམ་དང་སྟོང་བཞི་ལྷག་ཟིན་པ་དང་། ལྷོ་ཁ་ས་ཁུལ་གྱི་མུའུ་འབུམ་གཉིས་དང་ཁྲི་དགུ་ལྷག་ཟིན་ལ། གཞིས་ཀ་རྩེ་ས་ཁུལ་གྱི་མུའུ་ཁྲི་ལྔ་དང་སྟོང་གཅིག་ལྷག་ཟིན་ཡོད་ལ། ཉིང་ཁྲི་ས་ཁུལ་གྱི་མུའུ་ཁྲི་གཅིག་དང་སྟོང་དྲུག་ལྷག་ཟིན་ལ། ཆབ་མདོ་ས་ཁུལ་གྱི་མུའུ་ཁྲི་དྲུག་དང་སྟོང་གསུམ་ལྷག་ཟིན་པ་དང་ནག་ཆུ་ས་ཁུལ་གྱི་མུའུ་ཁྲི་གསུམ་ལྷག་བཅས་ཟིན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག