མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དང་པོའི་ནང་ལོགས་ས་ཁུལ་གྱི་བོད་ལྗོངས་འབྲིང་རིམ་ཆེད་ལས་འཛིན་གྲྭའི་སློབ་མ300ཐེན་ཅིན་ནས་སློབ་མཐར་ཕྱིན་ཏེ་ཕྱིར་བོད་ལྗོངས་སུ་ལོག་པ།

རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར།  ཡོང་ཁུངས། ཐེན་ཅིན་ཉིན་རེའི་ཚགས་པར།  2013-05-18 11:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་གསུམ་གྱི་ཡར་སྔོན་དུ། སྐབས་དང་པོའི་ནང་ལོགས་ས་ཁུལ་གྱི་བོད་ལྗོངས་འབྲིང་རིམ་ཆེད་ལས་འཛིན་གྲྭའི་སློབ་མ300གངས་ལྗོངས་མཐོ་སྒང་ནས་ཐེན་ཅིན་དུ་སླེབས་ཏེ་སློབ་གཉེར་བྱེད་འགོ་བརྩམས། སློབ་མཐར་ཕྱིན་རྗེས་ཁོ་ཚོས་ཆེད་ལས་སྦྱོང་བརྡར་གྱི་སྦྱངས་འབྲས་བཟང་བོ་འཁྱེར་བཞིན་སློབ་གྲྭ་ནས་ལམ་ལ་ཆས་ཏེ་ཕྱིར་བོད་ལྗོངས་སུ་ལོག ཕྱིར་ལོག་པའི་སྔ་རོལ་དུ་ཐེན་ཅིན་དངོས་ཟོག་ཚོང་ལས་སློབ་གྲྭའི་བོད་ལྗོངས་འབྲིང་རིམ་ཆེས་ལས་འཛིན་གྲྭའི་སློབ་མ་ཚེ་རིང་གཡུ་སྒྲོན། འཛིན་བདག་དགེ་རྒན་ཧྥུ་ཞི་ཡོན་ལ་དམ་པོར་འཇུས་ནས། མིག་ཟུང་མཆི་མས་གང་བཞིན། “ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་ལ་འདི་འདྲའི་སློབ་སྦྱོང་གོ་སྐབས་བཟང་པོ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ། ཐེན་ཅིན་ནི་ང་རང་གི་ཕ་ཡུལ་གཉིས་པ་ཡིན་པས། ཐེན་ཅིན་ལ་བཅངས་བའི་བརྩེ་བ་ཟབ་མོ་ནམ་ཡང་བརྗེད་ཐབས་མེད”ཅེས་རང་ཉིད་ཀྱིས་ཏང་དང་རྒྱལ་ཁབ། ཐེན་ཅིན། སློབ་གྲྭ་སོགས་ལ་བཅངས་བའི་བརྩེ་བ་ཟབ་མོ་བརྗོད།

ཚེས15ཉིན་གྱི་སྔ་དྲོར། བོད་ལཱ་གཙང་མ་གྱོན་པའི་ཚེ་རིང་གཡུ་སྒྲོན་དང་སློབ་གྲོགས་རྣམས་ཀྱིས་སློབ་གྲྭའི་དབུ་ཁྲིད་ཀྱི་ལག་ནས་རྒྱབ་ཤ་དམར་པོ་ཅན་གྱི་མཐར་ཕྱིན་དབང་ཡིག་ལེན་པའི་སྐབས་སུ། སྔོན་ཆད་ཐེན་ཅིན་ནས་སློབ་སྦྱོང་དང་འཚོ་བ་རོལ་བའི་འདས་དོན་མང་པོ་ཡིད་ལ་དབའ་ལེར་འཁོར། སྤྱི་ལོ2010ལོའི་ཟླ9བའི་ཚེས3ཉིན། ཉིན་ཞག་གཉིས་ཀྱི་འགྲུལ་སྐྱོད་ལམ་ཐག་བརྒྱུད་ནས། བོད་ལྗོངས་ཀྱི་སློབ་མ ༣༠༠ བདེ་ལེགས་ངང་ཐེན་ཅིན་དུ་འབྱོར་ཐུབ་པ་བྱུང་། གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱས་པ་བཞིན། ཁོ་ཚོ་ཐེན་ཅིན་གྲོང་ཁྱེར་དངོས་ཟོག་ཚོང་ལས་སློབ་གྲྭ་དང་། ཐེན་ཅིན་གྲོང་ཁྱེར་ཕྲུ་གུའི་དགེ་འོས་སློབ་གྲྭ། ཐེན་ཅིན་ལྕགས་ལམ་ཆེད་ལས་ལག་རྩལ་སློབ་གྲྭའི་ཟུར་གཏོགས་ཐེན་ཅིན་ལྕགས་ལམ་ལས་གཞི་སློབ་གྲྭ། ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་སློབ་གྲྭ་བཅས་ཆེད་ལས་སློབ་གྲྭ་བཞི་རུ་བགོས་ནས། ལོ་ངོ་གསུམ་གྱི་རིང་དུ་སློབ་སྦྱོང་བྱས་པ་རེད། དེའི་རྗེས་སུ་ཚེ་རིང་གཡུ་སྒྲོན་དང་སློབ་མ་བཞི་བཅུ་དངོས་ཟོག་ཚོང་གཉེར་སློབ་གྲྭའི་མགྲོན་ཁང་ཞབས་ཞུ་དང་དོ་དམ་ཆེད་ལས་སློབ་མར་གྱུར།

  བོད་ལྗོངས་ཀྱི་སློབ་མ་དག་གིས་ལོ་གསུམ་གྱི་རིང་དུ། ཐེན་ཅིན་གྲོང་ཁྱེར་དང་མཚོ་འགྲམ། ཚོང་ར། མཛེས་ལྗོངས་ཁུལ་སོགས་ལ་ཡུལ་སྐོར་འཁྱམ་འཁྱམ་བྱེད་པ་སོགས་འཚོ་བ་ཕུན་སུམ་ཚོགས་པ་ཡིན་ནའང། ཁོ་ཚོའི་སེམས་ཁུངས་སུ་བག་ཆགས་ཆེས་ཟབ་པ་ནི་སློབ་རའི་ཁྲོད་ཀྱི་འཚོ་བ་དང་སློབ་སྦྱོང་ཡིན། “ཕ་ཡུལ་དྲན་པའམ་ནད་ཡམ་བྱུང་བ། དཀའ་ཁག་དང་འཕྲད་ཐེངས་རེ་རེར། དགེ་རྒན་ཚོས་དུས་ནམ་ཡང་ང་ཚོར་ཐུགས་ཁུར་དང་རོགས་རམ་བྱས་པས། ང་ཚོས་རང་ཉིད་ཀྱི་སློབ་སྦྱོང་གྲུབ་འབྲས་བཟང་བོ་ལ་བརྟེན་ནས་དགེ་རྒན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་པ་ཡིན།”ཚེ་རིང་གཡུ་སྒྲོན་གྱི་སྦྱངས་འབྲས་ཕུལ་བྱུང་ལྡན་པས་མི་འགྱིང་བའི་ཡར་སྔོན་དུ་ཁོ་མོ་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ཐུབ་པ་བྱུང་བ་རེད། བོད་ལྗོངས་འདམ་གཞུང་རྫོང་ནས་ཡིན་པའི་ཁོ་མོའི་སློབ་གྲོགས་ཆོས་སྐྱོང་ཆེས་སྦྲོ་སྣང་ལྡན་པ་ནི། ལོ་གསུམ་གྱི་ཡར་སྔོན་དུ་རང་ཉིད་ཕ་མ་དང་མཉམ་དུ་ཟོག་འཚོ་མཁན་གྱི་ན་གཞོན་ཞིག་ཡིན་པ་ནས། ད་ལྟ་མགྲོན་ཁང་ཞབས་ཞུ་དོ་དམ་གྱི་ཆེད་ལས་འགྱོན་ལྡན་མི་སྣ་ཞིག་ཏུ་གྱུར་ཡོད་པ་དེ་རེད། “ཐེན་ཅིན་དུ་ཐོག་དང་པོར་སླེབས་པའི་སྐབས་སུ། ང་ཚོས་རྒྱ་སྐད་ལེགས་པོ་ཞིག་ཀྱང་བཤད་མི་ཤེས། འོན་ཀྱང་དགེ་རྒན་རྣམས་ཀྱིས་དཀའ་ལས་ལ་མ་འཛེམ་པར་རྒྱ་ཡིག་ཀློག་འདོན་ནས་བཟུང་ང་ཚོ་ལ་ཁྲིད་པ་རེད།”ད་ལྟ། ཆེད་ལས་ཚད་ལྡན་དབང་ཡིག་ལོན་ཡོད་པ་མ་ཟད། རྒྱ་སྐད་རྣམ་དག་བཤད་ཤེས་པའི་སློབ་མ་ཆོས་སྐྱོང་། ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་ཆེན་པོ་ཁ་ཤས་ཀྱིས་རྩོད་ལེན་བྱེད་བཞིན་པའི་ཆེད་ལས་མི་སྣར་གྱུར་ཡོད། “སྒོ་ཕྱུགས་འཚོ་བའི་ལས་ཀ་ཧ་ཅང་དཀའ་ཚག་ཆེ་བས། རྗེས་ཕྱོགས་སུ་ང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕ་མ་གཉིས་ལ་འཚོ་བ་བཟང་པོ་བསྐྲུན་ཐུབ་པའི་རེ་བ་བཅངས་ཡོད”ཅེས་བཤད།

ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀྱི་སྟེང་དུ། ཐེན་ཅིན་ནས་ལམ་ལ་ཆས་པའི་སྤྱི་སྤྱོད་རླངས་འཁོར་ལམ་ལ་ཆས་འགོ་བརྩམས། སློབ་མ་ཚོས་ཕན་ཚུན་ལག་འཇུ་དང་གྱེས་ཕྱག་འབུལ་བཞིན་མིག་མཐའ་མཆི་མས་བརླན་འདུག རླངས་འཁོར་བགྲོད་ལ་ཉེ་བའི་དུས་སྐབས་དེར་ཚེ་རིང་གཡུ་སྒྲོན་གྱིས་བློ་བརྟན་པོས་ངང་། “དགེ་རྒན་དང་ཐེན་ཅིན་མང་ཚོགས་ཀྱིས་སེམས་བདེ་མོ་བྱོས་དང་། ང་ཚོས་རང་ཉིད་ཀྱིས་སྦྱངས་བའི་ཤེས་བྱ་བོད་ལྗོངས་སུ་འཁྱེར་ནས། བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་ནུས་པ་འདོན་ངེས་ཡིན”ཞེས་བཤད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག