མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོའི་ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་གྲ་སྒྲིག་བྱེད་བཞིན་པ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-18 11:24

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་ས་ཁུལ་དུ་སྲིད་འཛིན་སྡེ་ཁག་གི་ཆེད་དོན་ཚོགས་འདུ་བསྡུས་ནས2013ལོའི་ཡར་ཀླུང་རིག་གནས་དུས་ཆེན་ལ་གྲ་སྒྲིག་བྱེད་པའི་དོན་ཚན་གྲོས་མོལ་དང་ཞིབ་འཇུག་བྱས་པ་རེད།

  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་ལྷོ་ཁ་ས་ཁུལ་གྱི་ཡར་ཀླུང་རིག་གནས་དུས་ཆེན་ལ་བོད་ཀྱི་འབྱུང་ཡུལ་དང་བོད་ཀྱི་ལས་འབྲེལ་ཏེ་ཡར་ཀླུང་ལ་བསྟོད་པ་ཞེས་པ་བརྗོད་གཞིར་བྱས་ཐོག ལྷོ་ཁའི་ཁྱད་ཆོས་ལྡན་པའི་གླུ་གཞས་གསར་རྩོམ་དང་ལྷོ་ཁའི་དམངས་གླུ་སྔོག་འདོན་བྱས་ནས་མཆོག་ཏུ་གྱུར་པའི་ལྷོ་ཁའི་གླུ་གཞས་ཁག་ཅིག་འདོན་སྤེལ་བྱེད་རྒྱུ་ཡིན་ཞིང་། དེའི་མཚུངས་སུ་ཞབས་བྲོ་དང་ཤོམ་ངོམ་པའི་རྣམ་པ་བརྒྱུད་ནས་ལྷོ་ཁ་ས་ཁུལ་གྱི་རྫོང་ཁག12ཀྱི་སྲོལ་རྒྱུན་གྱི་གྱོན་ཆས་རིག་གནས་ཀུན་གྱི་མཐོང་ལམ་དུ་མངོན་པ་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ནས། ཡར་ཀླུང་རིག་གནས་དུས་ཆེན་དེ་རྒྱལ་ནང་གི་དུས་ཆེན་གྱི་མཚོན་རྟགས་མཚན་སྙན་ཅན་དུ་བསྐྲུན་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག