མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས2013ལོའི་རིག་གནས་ཐོན་ལས་འཕེལ་རྒྱས་ཆེད་སྤྱོད་རོགས་སྐྱོར་མ་དངུལ་རྣམ་གྲངས་རེ་ཞུ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-17 10:43

ཀྲུང་གོའི་བོད་ཀྱི་དྲ་བིའ་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་དང་རིག་གནས་ཡུལ་སྐོར་གསར་སྤེལ་སོགས་དང་འབྲེལ་བའི་རྣམ་གྲངས44བསྡུ་རུབ་བྱས་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད་ཁྱོན་འུན་ཤིང་ཀོང་ཇོའི་ཡུལ་དངོས་ཟློས་གར་དང་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་གར་སྟེགས་ཟློས་གར། ལྷ་སའི་ཤིན་ཧྭ་དཔེ་ཚོང་ཁང་། སྣེའུ་ཁུལ་གསར་རིག་གནས་ཐོན་ལས་ཐོག་ཁང་འཛུགས་སྐྲུན་སོགས་རིག་གནས་ཐོན་ལས་འཕེལ་རྒྱས་རྣམ་གྲངས21དཔྱད་འདེམས་བྱས་པ་དང་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི265981.68མ་འཇོག་བྱས་པ་དང་རོགས་དངུལ་སྒོར་ཁྲི15590.08རེ་ཞུ་བྱས་ཡོད་པ་རེད། མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་དཔྱད་འདེམས་བྱས་པའི་རྣམ་གྲངས21བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་གནས་བསྒྱུར་བཅོས་གཞུང་དོན་ཁང་དུ་ཐོ་འགོད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག