མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-17 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས12ནས་ཚེས18ཉིན་བར་ནི་རྒྱལ་ཡོངས་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་བྱེད་པའི་གཟའ་འཁོར་ཉིན་མོ་ཡིན་པ་དང༌། ད་ལོའི་དྲིལ་བསྒྲགས་ཀྱི་བརྗོད་བྱ་གཙོ་བོ་ནི་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་ལ་སྐུལ་འདེད་གཏོང་བ་དང་ཆུའི་སྐྱེས་ཁམས་སྲུང་སྐྱོབ་བྱེད་ཅེས་པ་དེ་ཡིན་ཞིང༌། ལྷ་ས་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་བྱེད་སྒོ་སྤྱི་ཟླ5བའི་ཚེས12ཉིན་སྤེལ་བ་རེད།

སྤྱི་ཟླ5བའི་ཚེས12ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱི་ཆུ་ཀ་ལ་ཀུང་སིས་པེ་ཅིན་ཤར་ལམ་སྦྲག་ཟམ་ཅུས་ཀྱི་ཁ་འཕྲོད་དུ་དྲིལ་བསྒྲགས་བྱེད་གནས་བཙུགས་ཏེ། གྲོང་ཁྱེར་གྱི་ཆུ་གྲོན་ཆུང་ལ་སྐུལ་འདེད་གཏོང་བ་དང་ཆུའི་སྐྱེས་ཁམས་སྲུང་སྐྱོབ་བྱེད་ཅེས་པས་བརྗོད་དོན་གཙོ་བོ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང༌། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར(གྲོང་རྡལ)དུ་ཆུ་མཁོ་འདོན་དོ་དམ་སྲོལ་ཡིག་གི་ནང་དོན་ངོ་སྤྲོད་བྱེད་པའི་རྒྱང་བསྒྲགས་རླངས་འཁོར་བཏང་བ། ཆུ་གྲོན་ཆུང་གི་དྲིལ་བསྒྲགས་དཔྱད་གཞི1300ལྷག་བཀྲམ་པ། གྲོང་ཁུལ་གྱི་ལམ་གཙོ་བོར་དྲིལ་བསྒྲགས་འཕྲད་འགེལ་བྱང་བུ20ཙམ་སྐྱེལ་བ་བཅས་བྱས་ཡོད་པ་རེད།

ཉེ་བའི་ལོའི་རིང་ལྷ་ས་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་གི་ལས་དོན་དམ་འཛིན་བྱས་ཡོད་པ་སྟེ། དུད་ཚང་རེར་ཆུ་གྲོན་ཆུང་གི་ཆུ་ཚོད་རེ་བསྒར་ཡོད་ཅིང་སྤྱི་ལོ2007ལོ་ནས་ད་བར་གྲོང་ཁྱེར་དེ་ཡོངས་ཀྱི6%དང༌། ཁ་ཐོར་དུད་ཚང་ཁྲི3ལྷག་ལ་ཁྱབ་ཟིན་པ་དང་དུད་ཚང་ལྷག་མ་རྣམས་ལ་ལོ3ནས5ཡི་ནང་བསྒར་ཚར་བ་བྱེད་རྒྱུ། སྲིད་གཞུང་ཚན་པ་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་རང་གསོག་ཆུའི་འབྱུང་ཁུངས་གཙང་བཤེར་ལས་ཀར་ཤུགས་སྣོན་རྒྱབ་པ། ཆུ་མཁོ་འདོན་ཞིབ་བཤེར་ཚན་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གཏོར་སྐྱོན་ཕོག་པའི་ཆུ་འདྲེན་ལྕགས་མདོང་དང་ཆུའི་ཐོན་ཁུངས་གཏོར་བརླག་ཚབས་ཆེན་ཁུལ་དུ་དུས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག