མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་དཔྱ་ཁྲལ་ཡོང་འབབ་ཐད་གྲུབ་འབྲས་ལེགས་པོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-17 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རྒྱལ་ཁབ་ཁྲལ་དོན་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ4བར་ལྗོངས་ཡོངས་ཀྱི་དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར13.4ལྷག་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་པ་ལས61%འཕར་ནས་འབབ་འཕར་སྒོར་དུང་ཕྱུར5ལྷག་འཕར་སྣོན་བྱུང་ཡོད་པ་རེད། རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་དབྱེ་ཞིབ་གནང་སྐབས་དེང་སྐབས་རང་ལྗོངས་ཀྱི་ཁྲལ་འབབ་ཐད་གཤམ་གསལ་ཁྱད་ཆོས་ཁ་ཤས་མངོན་ཡོད་པ་སྟེ། སྤྱི་ཟླ4པར་ཐོབ་ཁྲལ་སྒོར་དུང་ཕྱུར6.7ལྷག་ཟིན་ཡོད་པ་དེས་སྤྱིའི་ཁྲལ་འབབ་ཀྱི50.7ཟིན་ནས། ཁྲལ་འབབ་བརྒྱ་ཆའི་གྲངས30.4འཕར་སྣོན་བྱུང་ཡོད། ཀྲུང་དབྱང་དང་རྫོང་རིམ་པ་གཉིས་ཀྱི་ཁྲལ་འབབ70%ཟིན་ཞིང་། རང་སྐྱོང་ལྗོངས་རིམ་པ་དང་ས་ཁུལ(གྲོང་ཁྱེར)རིམ་པའི་ཁྲལ་འབབ་དེ་དུས་མཚུངས་པ་ལས་འཕར་ཚད་ཅུང་ཆེ་བ་རེད།

ཚན་པ་དགུའི་ཁྲལ་འབབ་ཁྱོན་ཡོངས་ནས་འཕར་བ་དང༌ཚན་པ་གཉིས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར10ལས་བརྒལ་ཡོད་པའི་ནང་། ལྷོ་ཁ་དང་ཉིང་ཁྲིའི་ཁྲལ་འབབ་འཕར་ཚད་དུས་མཚུངས་པ་ལས་ལྡབ1.6ཟིན་ཡོད་པ་བཅས་རེད།

ཁྲལ་འབབ་ཀྱི་གཞི་ཁྱོན་ཐོག་ནས་ལྟས་ན་ཁྲལ་འབབ་སྒོར་དུང་ཕྱུར10ལས་བརྒལ་བའི་གསར་སྤེལ་ཁུལ་དང་ལྷ་ས་གྲོང་ཁྱེར་དང༌། ཁྲལ་འབབ་སྤྱི་འབོར་གྱི་ཨང་གསུམ་པར་སླེབས་པའི་ཉིང་ཁྲིས་ལྗོངས་ཡོངས་ཀྱི་ཁྲལ་འབབ་ཀྱི60%གཏོད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག