མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱིས་གཞི་ཁྱོན་ཆེ་བའི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ཁུངས་ལ་ཁྱབ་བཤེར་ཐེངས་དང་པོ་སྤེལ་མགོ་བརྩམས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-17 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་གཞི་ཁྱོན་ཆེ་བའི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ཁུངས་ལ་ཁྱབ་བཤེར་ཐེངས་དང་པོ་སྤེལ་མགོ་རྩོམ་པའི་མཛད་སྒོ་སྤྱི་ཟླ5བའི་ཚེས15ཉིན་ལྷ་ས་གྲོང་ཁྱེར་ནས་བསྡུས། རེབ་འདིའི་ཁྱབ་བཤེར་བྱ་བས་ད་ལོའི་ལོ་མགོར་བོད་ལྗོངས་ཀྱིས་ཐོག་དང་པོར་ཚོད་ལྟ་བྱེད་སའི་རྫོང་ཉེར་དྲུག་ནས་བོད་ལུགས་དང་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ལ་ཁྱབ་བཤེར་བྱེད་རྒྱུ་རེད།

དེ་ནི་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ལ་ཁྱབ་བཤེར་བྱེད་ཐེངས་བཞི་བ་ཡིན་པ་དང་། བོད་ལྗོངས་ནས་གཞི་ཁྱོན་ཅུང་ཆེ་བའི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ལ་ཁྱབ་བཤེར་བྱེད་ཐེངས་དང་པོ་རེད། བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཡེ་ཤེས་གཡང་འཛོམས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། རེབ་འདིའི་ཁྱབ་བཤེར་བྱ་བ་དེ་བོད་ལྗོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཁོང་དུ་ཆུད་པར་བྱེད་པའི་ཆེད་དུ་ཡིན་པ་དང་། ནང་སྒོས་སུ་བོད་སྨན་ཁྱབ་པའི་གནས་ཚུལ་དང་དེ་མིན་ད་ལྟའི་གནས་ཚུལ་ཁོང་དུ་ཆུད་པའི་ཆེད་དུ་ཡིན་པས། ཕྱིན་ཆད་བོད་སྨན་ཐོན་ལས་རྒྱ་ཇེ་ཆེར་གཏོང་བའི་གྲངས་ཀར་རྒྱབ་སྐྱོར་དང་ཚན་རིག་དང་མཐུན་པའི་སྒྲུབ་བྱེད་ཐད་ལ་རྨང་གཞི་གཏོང་རྒྱུ་དེ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག