མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-17 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྐམ་སའི་ཐོག་འཚོ་གནས་བྱེད་པའི་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ལག་རྩལ་སྦྱོང་བརྡར་ཐེངས་གཉིས་པ་དང་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྟག་དཔྱད་ལས་དོན་ཀྱི་ལས་འགན་གཙོ་བོ་ནི་ལྗོངས་ཡོངས་ཀྱི་སྐམ་སའི་ཐོག་འཚོ་གནས་བྱེད་པའི་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་གནས་ཚུལ་ཤེས་རྟོགས་བྱས་ཏེ། ལྗོངས་ཡོངས་ཀྱི་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་ཡིག་ཚགས་དང་གྲངས་གཞིའི་མཛོད་བཟོ་རྒྱུ་དང་། བོད་ཀྱི་བདག་མེད་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ཕྱོགས་བསྡུས་དཔྱད་དཔོགས་བྱས་ནས། བརྒྱུད་རིམ་ལྡན་པ་དང་ཡང་དག་པའི་སྒོ་ནས་བདག་མེད་སྲོག་ཆགས་ཐོན་ཁུངས་ཀྱི་བརྟག་དཔྱད་དཔྱད་གཞི་དང་པར་རིས་དཔྱད་གཞི། དེ་བཞིན་བརྟག་དཔྱད་སྙན་ཞུ་བཅས་འབྲི་རྒྱུ། ཐོན་ཁུངས་བརྟག་དཔྱད་བྱེད་པ་དང་ཆབས་གཅིག་བོད་ཀྱི་བདག་མེད་སྲོག་ཆགས་ཐོན་ཁུངས་ཀྱི་ལྟ་ཞིབ་དྲ་བའི་ཆ་འཕྲིན་མ་ལག་འཛུགས་རྒྱུ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག