མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་རྩེ་རྫོང་གིས་ཞིང་ལས་ཐོན་སྐྱེད་དང་ཚོང་གཉེར་ལམ་སྲོལ་གསར་གཏོད་བྱེད་རྒྱུར་ཤུགས་སྣོན་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-16 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གིས་ཞིང་ལས་ཐོན་སྐྱེད་དང་ཚོང་གཉེར་ལམ་སྲོལ་གསར་གཏོད་བྱེད་རྒྱུར་ཤུགས་སྣོན་རྒྱབ་པ་རེད། ཞིང་ནང་དུ་རྩ་བའི་འཛུགས་སྐྲུན་བྱེད་རྒྱུ་དེ་འགག་རྩར་བརྩིས་ནས། ཆོས་མ་ཤང་དུ་ཞིང་པར་རྨོ་ཞིང་བརྗེ་རེས་བྱེད་རྒྱུར་འཁྲིད་སྟོན་དང་སྐུལ་ལྕག་བཏང་ནས། ཞིང་ཁ་ཐར་ཐོར་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཁྱིམ་ཚང་གི་ཞིང་ར་དང་འབྲུ་རིགས་འདེབས་འཛུགས་ཀྱི་དུད་ཚང་ཆེ་མོ་གསོ་སྐྱོང་བྱེད་པ་དང་། ཞིང་ལས་འཕྲུལ་ཆས་ཆེད་ལས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཀྱི་རྣམ་པ་དང་འཁོར་སྐྱོད་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། གང་མགྱོགས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

ཞིང་ལས་འདེབས་འཛུགས་ཐོག་ཆུ་ཤར་གྱི་སྔོ་ཚལ་དང་ཤིང་འབྲས་ཀྱི་མཉམ་ལས་ཁང་གི་གཉེར་སྐྱོང་དང་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས། སྒྲིག་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་དྲོད་ཁང་ཆེ་མོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དྲོད་ཁང་ཆེ་མོ113སྐྲུན་ཡོད་པ་རེད། ཕྱུགས་ལས་གོང་འཕེལ་གཏོང་བའི་ཐད་ཞིང་ཁུལ་གྱི་ཕྱུགས་ལས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་གཟན་རྩྭ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་ཐོག ཕྱུགས་རྒྱུད་ངན་པ་དོར་བ་དང་ཕྱུགས་རྒྱུད་བཟང་པོ་ནང་འདྲེན་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། བཞོན་མ་གསོ་སྤེལ་གཏོང་རྒྱུ་གཙོ་བོ་བྱེད་པའི་ཕྱུགས་རིགས་དང་བྱ་རིགས་གསོ་སྤེལ་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བ་དང་། བཞོན་མ་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཉམ་ལས་ཁང་གི་གསོ་སྤེལ་ར་བའི་རྒྱུད་བཟང་བཞོན་མ་གསོ་སྤེལ་བྱེད་ཚད་མགོ་གྲངས100ཟིན་གྱི་ཡོད་པ་རེད།

ད་ལོ་ལྷ་རྩེ་རྫོང་གིས་ད་དུང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་སྲིད་དོ་དམ་འཛུགས་སྐྱོང་ཟུང་འབྲེལ་བྱས་པ་མ་ཟད། རྫོང་དེའི་དོ་དམ་འཛུགས་སྐྱོང་ཐད་མ་འཇོག་བྱེད་རྒྱུ་འགན་སྲུང་བྱས་ནས། སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་སྐྱེས་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ཏེ། གྲོང་ཁྱེར་གྱི་བཀོད་པ་ད་དང་ཁོར་ཡུག་གཙང་སྦྲའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས། ཁོར་ཡུག་གཙང་སྦྲའི་སྤྱི་ཚོགས་ཅན་གྱི་དོ་དམ་ཞབས་ཞུའི་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྱི་བཀོད་པ་དང་ཁོར་ཡུག་བཅོས་སྒྲིག་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག