མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས“འགན་གསུམ་མི་སྣར”འཚོ་བའི་ཁ་གསབ་རོགས་དངུལ་དོན་འཁྱོལ་ཧུར་ཐག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-16 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས“འགན་གསུམ་མི་སྣར”འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི126.06དོན་འཁྱོལ་ཧུར་ཐག་བྱས་པ་རེད། 2012ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་སུ“འགན་གསུམ་མི་སྣར”2101ཡོད﹙དེའི་ཁྲོད་ཏན་ཡོན་རྒན་གྲས1617དང་ལས་བྱེད་རྒན་གྲས475། ངལ་རྩོལ་དཔེ་བཟང9བཅས་ཡོད﹚པ་རེད།“ད་ལྟ་བེད་སྤྱོད་པའི་རྨང་གཞིའི་ཐོག་མི་རེར་ཟླ་རེར་སྒོར50ཁ་སྣོན”བྱེད་པའི་རེ་བ་གཞིར་བཟུང་ད་ལོའི་ཟླ་བ2པར། གྲོང་ཁྱེར་ནོར་སྲིད་ནས2013ལོའི་ལོ་འཁོར་གྱི“འགན་གསུམ་མི་སྣར”འཚོ་བའི་ཁ་གསབ་མ་དངུལ﹙རིམ་སྤོར་བྱས་པའི་མ་དངུལ་ཚུད﹚ཚང་མ་གཅིག་འགྱུར་ཐོག་རྫོང﹙ཁུལ﹚ཁག་གི་ནོར་སྲིད་ལ་སྤྲད་པ་དང་ཁྱོན་མ་དངུལ་སྒོར126.06ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག