མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཤང་གྲོང་ཕྱོགས་བསྡུས་དམངས་ཕན་ཞབས་ཞུའི་ཚོམས་ཆེན་འཛུགས་སྐྲུན་བྱེད་བཞིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-16 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་འགོར། བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་ས་ཁུལ་དེ་ཡོངས་ཀྱི་ཤང་གྲོང་རྡལ་ཁག་ལ་ཁྱོན་ཡོངས་ནས་གཅིག་བསྡུས་རང་བཞིན་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་འཛུགས་རྒྱུའི་ལས་ཀའི་བསམ་ཕྱོགས་སྟོན་པ་མ་ཟད། ད་ལོའི་ས་ཁུལ་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པ་རེད། རྫོང་ཁག་གིས་དོན་དངོས་ནས་འགོ་བརྩམས་པ་དང་ཡུལ་བབ་དང་བསྟུན་ནས་ཞབས་ཞུའི་བྱ་བ་ཁག་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། དཔལ་འབྱོར་འཛུགས་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་དང་། ཞབས་ཞུའི་བྱ་བ་ཁག་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་གཅིག་བསྡུས་ཀྱིས་བདག་གཉེར་བྱ་རྒྱུ། ཞབས་ཞུའི་དཀར་ཁུང་ཁག་དྲུག་ནས་བདུན་བར་བཙུགས་ཏེ། ཚོམས་ཆེན་གཅིག་ཕྱི་ཕྱོགས་སུ་ཁ་ཕྱོགས་པ་དང་དཀར་ཁུང་གཅིག་གིས་བདག་སྤྲོད་བྱེད་པ། མ་ལག་ཆ་ཚང་བའི་ཞབས་ཞུ། གཅིག་འཐུས་རང་བཞིན་གྱིས་བདག་གཉེར་བྱེད་པ་བཅས་ཀྱི་ཞབས་ཞུའི་རྣམ་པ་ཞིག་ཆགས་པ་བྱས་ཏེ། མང་ཚོགས་ཚོ་ཤང་ནས་ཕྱིར་ཐོན་མི་དགོས་པར་གནད་དོན་ཐག་གཅོད་ཐུབ་པ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག