མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུད་ཀྱིས་དགོན་སྡེའི་བཟའ་བཅའི་བདེ་འཇགས་ལ་བརྟག་དཔྱད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-16 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དགོན་སྡེའི་བཟའ་བཅའི་བདེ་འཇགས་ཀྱི་རྩ་བའི་གནས་ཚུལ་གང་ལེགས་རྟོག་རྒྱུ་དང་དགོན་སྡེའི་བཟའ་བཅའི་བདེ་འཇགས་ཞན་པ་དང་འབུར་ཐོན་གྱི་གནད་དོན་དེ་བཞིན་དགོན་སྡེའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་བསམ་ཕྱོགས་དང་ཐབས་ཇུས་སོགས་རྟོག་ཞིབ་བྱེད་ཆེད་ལྷོ་ཁ་ས་ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུད་ཀྱིས་ཉེ་དུས་ས་ཡུལ་དངོས་སུ་སྐྱོད་ནས་བོད་ལྗོངས་ནང་ཁུལ་དུ་གཞི་རྒྱ་ཆེ་བ་དང་གྲྭ་བཙུན་མང་བའི་དགོན་སྡེར་སྐྱོད་ནས་དགོན་པའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་གནས་ཚུལ་སོགས་བརྟག་དཔྱད་ཞིབ་ཚགས་གནང་ཡོད་པ་རེད།

ད་ཐེངས་བརྟག་དཔྱད་ནང་ཟ་ཁང་གི་ཚོང་གཉེར་ལག་འཁྱེར་དང་། ལས་མིའི་བདེ་ཐང་གནས་ཚུལ། ཟ་སྣོད་དུག་སེལ་གྱི་གནས་ཚུལ། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་ཉར་ཚགས་སོགས་ཀྱི་ཐད་བརྟག་དཔྱད་གནང་ནས་རྩ་བའི་ཆ་ནས་དགོན་སྡེའི་ཟ་ཁང་གནད་དོན་རྟོག་ཞིབ་ཐུབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག