མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གནམ་གཤིས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལས་དོན་སྤེལ་བཞིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-16 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་། བོད་ལྗོངས་ཀྱིས་གནམ་གཤིས་ཀྱིས་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་བྱེད་པའི་མ་ལག་འཛུགས་སྐྱོང་སྔར་བས་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གནམ་གཤིས་གནོད་འཚེ་འགོག་སྲུང་གི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད། ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ནི་སྤྱི་ལོ2012ལོར་རང་ལྗོངས་ཀྱི་ཞིང་གསུམ་ཞབས་ཞུའི་ཆེད་དོན་འཛུགས་སྐྱོང་ཚོད་ལྟའི་རྫོང་གཉིས་ཀྱི་གྲས་ཤིག་ཡིན་པ་དང་། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་མཛུབ་ཁྲིད་འོག འཕྱོངས་རྒྱས་རྫོང་གནམ་གཤིས་ཅུས་ཀྱིས་དོན་དངོས་ནས་འགོ་བརྩམས་ཏེ། ད་ཡོད་ཀྱི་ཆ་རྐྱེན་སྣ་ཚོགས་བེད་སྤྱད་དེ་གནམ་གཤིས་སྔོན་བརྡ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོའི་ཞིང་ལས་ཐོན་སྐྱེད་ཐད་གནམ་གཤིས་ཆ་འཕྲིན་གྱི་མཛུབ་སྟོན་བྱས་པ་རེད།

ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་ཟླ་བ་ནོར་བུས། འཕྱོངས་རྒྱས་རྫོང་གནམ་གཤིས་ཅུས་ཀྱིས་ཞིང་ནང་གི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་པ་སོགས་ཀྱི་བྱ་ཐབས་བཟུང་ནས། ལག་ཐོག་ཁ་པར་གྱི་འཕྲིན་ཐུང་དང་གློག་རྡུལ་བརྙན་མཐོང་། ཤང་གྲོང་ཚོའི་རྒྱང་བསྒྲགས་བཅས་བརྒྱུད་ནས་དུས་ཐོག་ཏུ་གནམ་གཤིས་སྔོན་བརྡ་གཏོང་གི་ཡོད་པ་རེད་ཅེས་གསུངས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་གསུམ་ཞབས་ཞུའི་ཆེད་དོན་རྣམ་གྲངས་ཁྲོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31གི་རྫོང281ལ་ཞིང་ལས་གནམ་གཤིས་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་། རྫོང200ལ་གྲོང་གསེབ་ཀྱི་གནམ་གཤིས་གནོད་འཚེ་འགོག་སྲུང་མ་ལག་འཛུགས་སྐྱོང་བྱེད་རྩིས་ཡོད་པས། རང་ལྗོངས་ཀྱི་རྫོང་གཉིས་ཞིང་ལས་གནམ་གཤིས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་ཞུགས་རྒྱུ་དང་། རྫོང8གྲོང་གསེབ་གནམ་གཤིས་གནོད་འཚེ་འགོག་སྲུང་མ་ལག་འཛུགས་སྐྱོང་ནང་ཞུགས་རྒྱུ་ཡིན་ཞིང་མ་དངུལ་སྒོར་ཁྲི་ཚོ580གཏོང་རྩིས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག