མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་ཆབ་མདོ་བཅིངས་འགྲོལ་ཐང་ཆེན་གྱི་གཙོ་དོན་ཇུས་འགོད་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-05-12 10:47

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས9ཉིན་གྱི་སྔ་དྲོ། ཆབ་མདོ་ས་ཁུལ་གྱིས་ཆབ་མདོ་བཅིངས་འགྲོལ་ཐང་ཆེན་གྱི་གཙོ་དོན་ཇུས་འགོད་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཇུས་འགོད་འཛུགས་སྐྲུན་གྱི་ཇུས་གཞིར་ཞིབ་འཇུག་གྲོས་བསྡུར་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཆབ་མདོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ནས། ཆབ་མདོ་བཅིངས་འགྲོལ་ཐང་ཆེན་ཇུས་འགོད་བྱེད་སྐབས་ངེས་པར་དུ་གསར་བརྗེའི་རིག་གནས་དང་རླབས་ཆེའི་ལོ་རྒྱུས་མཚོན་པ་དང༌། སྤྱི་ཚོགས་གསར་རྙིང་བསྡུར་བའི་ལོ་རྒྱུས་ཀྱི་མཆོང་སྐྱོད་མཚོན་པ་བྱེད་པ་དང༌། ཇུས་འགོད་ཀྱི་ཇུས་གཞིའི་ནང་རྒྱུན་འཛིན་བྱེད་ཤུགས་དང་སློབ་གསོ་གཏོང་ཤུགས། དྲན་གསོ་བྱེད་ཤུགས་བཅས་ཆེན་པོ་ལྡན་པ་བྱེད་པ། དྲན་གསོ་དང་ཤུགས་རྐྱེན་ཐེབས་པའི་ནུས་པ་ལྡན་པ་བྱས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཆབ་མདོ་བཅིངས་འགྲོལ་གཏོང་སྐབས་རང་སྲོག་ལེགས་སྐྱེས་སུ་འབུལ་རྒྱུར་མི་སྐྲག་པའི་ལོ་རྒྱུས་ཀྱི་པར་རིས་བསྐྱར་དུ་མངོན་པ་བྱེད་པ། ཆབ་མདོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོ་བཅུ་ཕྲག་གོང་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་ཏེ། རང་དབང་བརྩོན་ལེན་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པའི་འདུན་པ་མངོན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག