མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེའི་བཟོ་སྐྲུན་གཙོ་བོའི་ཐོག་བཀབས་ཟིན་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-05-12 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེའི་བཟོ་སྐྲུན་གཙོ་བོའི་ཐོག་བཀབས་ཟིན་པ་དང་། སྔོན་དཔག་བྱས་ན་དུས་སང་ཟླ་བ5པའི་ཚེས18ཉིན་ཏེ་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོར་དངོས་སུ་སྒོ་དབྱེ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་གཙོ་དོན་ནི་འབྲི་གཡག་དང་འབྲི་གཡག་རིག་གནས་ཡིན་པ་དང༌། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་གྲས་ཤིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་པར་གནས་ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲི་ངོས་སྙོམས་གྲུབ་བཞི་མ8000ལྷག་ཙམ་ཟིན་གྱི་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག