མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-05-12 10:47

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ནག་ཆུ་ས་ཁུལ་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབ་སར་རྩིས་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

    ད་ལོ་ནག་ཆུ་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་དུད་ཚང11700གནས་སྐྱིད་ལས་གཞི་འཛུགས་སྐྲུན་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་རྒྱུ་དང༌། བརྒྱད་འཛོམས་ཞིང་དུད་ལས་གཞི་ལག་བསྟར་གང་མགྱོགས་བྱས་ཏེ། རྫོང11ལ་འབྲོག་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་གསར་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་འགོ་འཛུགས་རྒྱུ་དང་ཆབས་ཅིག དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་དུད་ཚང3000ལྷག་ཙམ་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

    དགེ་རྒན་གྱི་ཆུ་ཚད་དང་སློབ་གཉེར་གྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་ས་ཁུལ་དེ་ཡོངས་ཀྱི་གྲོང་ཁྱེར(གྲོང་རྡལ)གྱི་བུ་ཕྲུག་བུ་བཅོལ་ཁང་དུ་གཏོང་ཚད་བརྒྱ་ཆ90དང༌། ཞིང་འབྲོག་ཁུལ་གྱི་བུ་ཕྲུག་བུ་བཅོལ་ཁང་གཏོང་ཚད་བརྒྱ་ཆ47དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ99ཡན་རྒྱུན་འཁྱོངས། དམའ་རིམ་སློབ་འབྲིང་དུ་སློབ་མ་སློབ་ཞུགས་བྱེད་ཚད་བརྒྱ་ཆ96དང་། མཐོ་རིམ་སློབ་འབྲིང་དུ་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ50བཅས་ཟིན་པ་བྱེད་རྒྱུ་རེད།

    རྫོང་རིམ་པའི་ཚད་གཞི་ཅན་གྱི་སྨན་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱེད་པ་དང༌། རྫོང་རིམ་པའི་སྨན་པ་དང་ཤང་གྲོང་སྨན་པར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་སོགས་ཀྱི་དམངས་ཕན་ལས་གཞི་མུ་མཐུད་ལག་བསྟར་བྱེད་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

    སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་གྱི་དེབ་ཁང་ད་ལོ་བེད་སྤྱོད་ཐུབ་པ་བྱེད་པ་དང༌། ས་ཁུལ་གྱི་བརྟེན་རྫས་བཤམས་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་སྒྱུར་བཟོ་རྒྱས་བསྐྲུན། གྲངས་འཛིན་གློག་བརྙན་ཁང་ཁྱོན་ཡོངས་ནས་བསྐྲུན་འགོ་འཛུགས་རྒྱུ་བཅས་མ་ཟད། རྫོང་བརྒྱད་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དང༌ཤང་གྲོང་རྡལ81གི་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་རྒྱུན་མཐུད་རྣམ་གྲངས་དམ་འཛིན་བྱས་ནས། རྫོང་རིམ་པའི་ཤིན་ཧྭ་དཔེ་ཚོང་ཁང་དང་ཤང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ། རླུང་འཕྲིན་དང་བརྙན་འཕྲིན་དུད་ཚང་ཀུན་ཁྱབ་དང་དགོན་སྡེ་ཀུན་ཁྱབ་ལས་གཞི་ལག་བསྟར་མུ་མཐུད་བྱས་ཏེ། ས་ཁུལ་དེ་ཡོངས་ཀྱི་རླུང་འཕྲིན་མི་འབོར་ལ་ཁྱབ་ཚད་བརྒྱ་ཆ88དང༌། བརྙན་འཕྲིན་མི་འབོར་ལ་ཁྱབ་ཚད་བརྒྱ་ཆ90ཟིན་པ་བཅས་བྱེད་རྒྱུ་རེད།

    སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེ་བཏང་ཏེ་གྲོང་ཁྱེར(གྲོང་རྡལ)གྱི་ཁྱིམ་ཚང་ནང་ལས་ཞུགས་ཐུབ་མཁན་གཅིག་ཀྱང་མེད་པའི་གནད་དོན་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་གྲངས1800ཡན་ལས་ཞུགས་ཐུབ་པ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་ལ་ལས་རིགས་རྩལ་ནུས་ཀྱི་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་ནས། ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཞིང་འབྲོག་ཁུལ་གྱི་མི་ཐེངས31000ཡན་ལས་ཞུགས་ཐུབ་པ་བྱེད་རྒྱུ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བརྟེན་འགན་སྲུང་ལས་དོན་ཤུགས་ཆེ་སྤེལ་བ་དང་ཞིང་འབྲོག་མང་ཚོགས་འགན་བཅོལ་ནང་ཞུགས་ཚད་མཐོ་རུ་གཏོང་བ། དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་བཅོལ་ཁྱབ་ཁུངས་རྒྱེ་ཆེར་བཏང་ནས། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་དང༌བབ་བསྟུན་དོ་དམ་བྱེད་རྒྱུ་རེད།

    དམངས་ཕན་སྲིད་ཇུས་ལག་བསྟར་ཆེ་མོ་དང་དམངས་ཕན་རྣམ་གྲངས་ཞིབ་བཤེར་ཆེ་མོ། དམངས་ཕན་མ་དངུལ་དོན་འཁྱོལ་ཆེ་མོ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང༌། ཤང་གྲོང་རྡལ་དུ་གཅིག་མཐུད་རྣམ་པའི་དམངས་བདེ་ཞབས་ཞུའི་ཚོམས་ཆེན་བཙུགས་པ། ས་ཁུལ་གྱི་འབྲེལ་ཡོད་ཚན་པས་རང་སོ་སོའི་ཁྱབ་ཁོངས་ཀྱི་དམངས་ཕན་སྲིད་ཇུས་ཕྱོགས་བསྒྲིགས་བྱས་ཏེ། དམངས་བདེ་ཞབས་ཞུའི་ཚོམས་ཆེན་གྱི་གྱང་ལྡེབས་ཐོག་སྦྱར་བ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ཚན་པས་དོན་འཁྱོལ་བྱེད་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་དོན་འཁྱོལ་ཡག་པོ་མི་ཐུབ་པར་བརྡ་ཁྱབ་བཏང་ཏེ་སྐྱོན་བརྗོད་བྱེད་པ་དང༌དུས་བཀག་བཅོས་སྒྲིག་བྱེད་འཇུག་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག