མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་དུས་ཚིགས་དང་པོར་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་ཡག་པོ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-11 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ས་ཁུལ་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར18.48ཟིན་ཡོད་པ་དེ་ལོ་གོང་མའི་དུས་མཚུངས་པ་དང་བསྡུར་ན32%འཕར་ནས་དུས་ཚིགས་དང་པོར་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་ཡག་པོ་བཙུགས་ཡོད་པ་རེད།

ད་ལོའི་ཚུན་དུ་ཆབ་མདོ་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང༌། དྲུག་ལྡན་ཆབ་མདོ་འཛུགས་སྐྱོང་བྱེད་རྒྱུས་དམིགས་ཡུལ་བྱས་ཏེ་བཟོ་ལས་ལ་བརྟེན་ནས་གྲོང་རྡལ་སྟོབས་ཆེར་བཏང་བ་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ། ཤར་ནུབ་གོང་འཕེལ་གཏོང་བ། རྟེན་གཞི་གཏོད་པ་བཅས་ཀྱི་གོང་འཕེལ་ཐབས་ཇུས་ལག་བསྟར་ཤུགས་ཆེ་བྱས་པས་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཏེ། ལོ་འཁོར་མོའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་སྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

བསྡོམས་རྩིས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཆབ་མདོ་ས་ཁུལ་གྱི་ཐོན་ལས་གསུམ་གྱི་བསྡུར་ཚད་རིམ་བཞིན་ལུགས་མཐུན་བྱུང་ཏེ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར1.48དང༌། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར4.3དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར12.7བཅས་ལེགས་གྲུབ་བྱུང་བ་དང་། ཞིང་ལས་དེང་རབས་ཅན་གྱི་གོང་འཕེལ་གོམ་སྟབས་མགྱོགས་སུ་ཕྱིན་པ། གྲོང་ཁྱེར(གྲོང་རྡལ)ཅན་གྱི་སྐུལ་འདེད་ནུས་པ་མངོན་གསལ་དོད་དུ་ཕྱིན་པ། བཟོ་ལས་ཀྱིས་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་རིམ་བཞིན་མངོན་ཆེར་ཕྱིན་པ་བཅས་བྱུང་ནས། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་སྟོབས་ཆེར་གཏོང་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་གོམ་སྟབས་བརྟན་པོ་སྤོས་ཡོད་པ་རེད།

རྣམ་གྲངས226ཡོངས་རྫོགས་འདི་ལོའི་ནང་ལས་འགོ་འཛུགས་དགོས་པའི་རང་སྐྱོང་ལྗོངས་ཀྱི་བླང་བྱ་གཞིར་བཟུང་ཆབ་མདོ་ས་ཁུལ་གྱིས་བརྟན་འཇག་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར150ཟིན་པའི་དམིགས་ཚད་ལས་འགན་དང་དམ་པོར་བསྟུན་ཏེ། ས་ཁུལ་དེ་ཡོངས་ཀྱི་གོང་འོག་ཚང་མས་འཕྱར་བ་འགྲུ་འདེགས་དང་དཀའ་ངལ་ཁྱད་བསད་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་བཏང་བ་རེད།

དུས་ཚིགས་དང་པོར་གཏན་འཇག་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་མང་དུ་བཏང་བ་དང༌། གཙོ་གནད་རྣམ་གྲངས་བདེ་བླག་ངང་བསྐྲུན་རྒྱུར་སྐུལ་མ་བཏང་བས་དེང་སྐབས་གཏན་འཇག་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར11ཟིན་ནས་ལོ་འཁོར་འཆར་གཞིའི7.3%ལེགས་སྒྲུབ་ཟིན་ཡོད་པ་དེ་ན་ནིང་གི་དུས་མཚུངས་པའི་ལྡབ4.1འཕར་ཡོད་པ་རེད།

ད་ལོའི་ཚུན་དུ་ཆབ་མདོ་ས་ཁུལ་གྱིས་དམངས་འཚོའི་ལས་དོན་དེ་མུ་མཐུད་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབ་སར་རྩིས་ཏེ། གོང་འཕེལ་གྱིས་དམངས་ལ་ཕན་པ་སྐྲུན་པ་དང་དམངས་འཚོས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་ཡོད་པ་རེད།

དུས་ཚིགས་དང་པོར་ཆབ་མདོ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར947 ཟིན་པ་དེ་ལོ་གོང་མའི་དུས་མཚུངས་པ་ལས16%འཕར་ཡོད་པ་དང༌། སྤྱི་ཟླ3པའི་ཟླ་མཇུག་ཏུ་སླེབས་དུས་ས་ཁུལ་དེ་ཡོངས་ཀྱིས་མི་གྲངས812གསར་དུ་ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་མང་ཚོགས་མི་ཐེངས16000ལྷག་ཙམ་ལས་ཞུགས་སྤོ་འགྱུར་ཐུབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག