མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་སུ་སྔོན་ཐོན་དུད་འབྲེལ་གཉིས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-11 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས9ཉིན་གྱི་སྔ་དྲོ། བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་སྔོན་ཐོན་དུད་འབྲེལ་གཉིས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གི་བསམ་འཆར་ལ་གྲོས་ཞིབ་ཀྱིས་རྩ་དོན་ཐོག་གྲོས་འཆམ་བྱས་པ་དང་། ལྗོངས་ཡོངས་སུ་དུད་འབྲེལ་གྱི་ཞི་བདེ་དང་དུད་འབྲེལ་གྱི་འབབ་འཕར་ཡོང་བ་བྱེད་མཁན་སྔོན་ཐོན་དཔྱད་འདེམས་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་སྔོན་ཐོན་དུད་འབྲེལ་གཉིས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་དང་། སྤྱི་ཚོགས་དོ་དམ་ཐད་ཤུགས་སྣོན་དང་གསར་གཏོད་བྱེད་པའི་གལ་ཆེའི་ནང་དོན་ཞིག སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་དམ་འཛིན་བྱེད་ས་གཙོ་བོ་ཞིག ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག ཐུན་མོང་ཕྱུག་པོ་ཆགས་པ་བྱེད་པའི་ལས་སྟེགས་གལ་ཆེན་ཞིག མི་རིགས་ཁག་གི་མང་ཚོགས་ཀྱི་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ས་ཞིག མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཧུར་སེམས་སྐོང་འཐེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་བཅས་ཡིན་པས། སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་འགལ་ཟླ་བསེལ་བ། སྤྱི་ཚོགས་ཀྱི་ཞབས་ཞུ་ལེགས་བཅོས། དམངས་གཙོ་འགན་སྲུང་དང་ལེགས་བཅོས། དྲུག་ལྡན་བོད་ལྗོངས་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཏོན་ཡོད་པ་རེད།

ཚོགས་འདུའི་ཐོག་སྔོན་ཐོན་དུད་འབྲེལ་གཉིས་ཀྱི་དཔྱད་འདེམས་བྱེད་སྒོ་ཡག་པོ་སྤེལ་བར་རང་སྐྱོང་ལྗོངས་དང་ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་མཉམ་གཏོད་དང་རིམ་དབྱེའི་གཟེངས་བསྟོད་རྒྱུན་འཁྱོངས་བྱས་ཏེ། བསམ་པའི་སྐུལ་ལྕགས་གཏོང་རྒྱུ་གཙོ་བོར་བྱེད་པ་དང་དངོས་པོའི་སྐུལ་ལྕགས་གཏོང་རྒྱུས་རམ་འདེགས་བྱས་ཏེ། རིམ་པ་ཁག་ནས་ལོ་ལྟར་དཔྱད་འདེམས་གཟེངས་བསྟོད་ཐེངས་རེ་བྱས་ཏེ། བྱེད་སྒོ་ཚ་ཚ་འུར་འུར་དང་ཕན་འབྲས་ཐོན་པ་ཞིག་སྤེལ་དགོས་པའི་བླང་བྱ་སྟོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག