མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཡུལ་སྐོར་གྱི་འཇོན་ཐང་མི་སྣ་བསྡུ་བའི་ཆེད་དོན་གྱི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-11 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུད་ད་དུང་རྫོང་ཡུལ་སྐོར་ཅུད་ཀྱིས་རྫོང་སྐུ་མགྲོན་ཞབས་ཞུ་ལྟེ་གནས་སུ་ཐུན་མོང་ཐོག་སྤོ་བོ་རྫོང་གི་ཆེད་དུ་ཡུལ་སྐོར་གྱི་འཇོན་ཐང་མི་སྣའི་ལས་གནས་གདན་ཞུའི་བྱེད་སྒོ་ཐོག་མ་དེ་སྤེལ་ནས་ཁེ་ལས་དང་ཞིང་འབྲོག་མང་ཚོགས་དབར་ཟམ་པ་ལྟ་བུའི་འབྲེལ་བ་ཞིག་སྐྲུན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་གནས་གདན་ཞུའི་བྱེད་སྒོ་དེས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོའི་ལས་ཞུགས་འདུ་ཤེས་འགྱུར་ལྡོག་ཆེན་པོ་ཞིག་ཡོང་རྒྱུ་མངོན་འགྱུར་ཐུབ་པ་དང་། སྲོལ་རྒྱུན་གྱི་ལས་གནས་འཚོལ་བ་ནས་དཔེ་གསར་གྱི་ཐབས་ལམ་སྤྱད་དེ་ལས་གནས་འཚོལ་ཐབས་བྱེད་པ་དང་ཏང་དང་སྲིད་གཞུང་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་འཚོ་བ་བསྐྱལ་ཐབས་ནས་རང་ཉིད་འཇོན་ཐང་ངོམས་ཏེ་ཕྱུག་འགྱུར་དུ་སྐྱོད་པ་སྲོལ་རྒྱུན་ཞིང་འབྲོག་ལས་ཐོན་སྐྱེད་ཁོ་ནར་བརྟེན་པ་ནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་བཅས་ཀྱི་ལས་གནས་སུ་ཁ་ཕྱོགས་བཞིན་ཡོད་པ་རེད། ད་ཐེངས་ལས་གནས་གདན་ཞུའི་བྱེད་སྒོའི་ཐོག་ལས་གནས11མཁོ་འདོན་བྱས་ཡོད་པ་དང་ལས་ཞུགས་མི་སྣ32ངོ་རྒྱུགས་བཏང་ཚར་རྗེས་དེའི་ཁྲོད་མི15རྩ་བའི་ཆ་ནས་ལས་ཞུགས་ཐུབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག