མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-11 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས7ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་འཚོགས་བྱས་ནས་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་མཆན་བཀོད་བཀའ་སློབ་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ལོ 2012ལོའི་རང་ལྗོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ཐད་ཕྱོགས་བསྡོམས་ནན་ཏན་བྱས་པ་མ་ཟད། སྤྱི་ལོ2013ལོའི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་དང་། ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེའི་རྐྱེན་རྩའི་ཕྱོགས་བསྡུས་རྟོག་ཞིབ་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏིང་ཞའོ་ཀང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ནས། ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀའི་འགན་འཁྲི་ལྩི་པོ་ཡོད་པས་འབྲེལ་ཡོད་ཚན་པས། ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་དོན་ཁག་གཏིང་ཟབ་དང་ཞིབ་ཕྲ་ཏན་ཏིག་བཅས་སྤེལ་ཏེ། འགོག་བཅོས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་ད་ལོའི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ཁྱོན་ཡོངས་ནས་གྲུབ་འབྲས་ཐོབ་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག